ཟླ་བ་ ༦ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས།
༄༅།  །འདི་གར་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན།  དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༢ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གནང་སྟེ་ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སུད་སིར་ཕེབས་ཐོན་གནང་། ཕྱི་ཚེས་ ༡༥ ཉིན་སུད་སིར་རྟེན་གཞི་བྱས་པའི་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དེ་དག་འགྲེལ་བརྗོད་དང་། དེ་བཞིན་འོས་སྒྲིག་དང་འབྲེལ་བའི་ལམ་སྟོན་དང་གསལ་བཤད་བཅས་གནང་རྒྱུ
དེ་ནས་ཕྱི་ཚེས་ ༡༦ ཉིན་སུད་སི་ནས་ཕེབས་ཐོན་གྱིས་ཕ་རན་སིར་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་ཕ་རན་སི་ས་གནས་སུ་གོང་མཚུངས་མཛད་འཆར་གནང་ནས་ཕྱི་ཚེས་ ༡༨ ཉིན་ཕ་རན་སི་ནས་ཁེ་ཎ་ཌར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༢༢ ཉིན་ས་གནས་སུ་མཛད་འཆར་གནང་རྒྱུ། ཕྱི་ཚེས་ ༢༣ ཉིན་ཁེ་ན་ཌ་ནས་ཕེབས་ཐོན་གྱིས་ནིའུ་ཡོག་ཏུ་ཕེབས་འབྱོར་གནང་རྒྱུ།
ཕྱི་ཚེས་ ༢༤ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་སྒེར་དགོངས། དེ་ནས་ཕྱི་ཚེས་ ༢༩ ཉིན་ནིའུ་ཡོག་ས་གནས་སུ་མཛད་འཆར་གནང་རྒྱུ། ཕྱི་ཟླ་ ༧ ཚེས་ ༡ ནས་ཨ་རི་ནས་རྒྱ་གར་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །
Share with your friends










Submit