ཟླ་བ་ ༦ ཚེས ༡༡ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ རེས་གཟའ་མིག་དམར། 

༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ ཉིན་ཕྱི་ལོ་ ༢༠༡༩ ལོའི་ཡར་ཐོན་ཚོང་པ་རོགས་སྐྱོར་སྦྱོང་བརྡར་ལས་གཞི་ཐེངས་ལྔ་པའི་མཛད་སྒོ་ཚོགས་ཡོད་པ་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་མཛད་སྒོ་དབུ་འབྱེད་གནང་ཡོད།
འདི་ལོ་ཡར་ཐོན་ཚོང་ལས་པ་གྲངས་ ༦ དྲག་འདེམས་གནང་ཡོད། ཁོང་རྣམ་པར་རིང་མིན་ཚོང་ལས་གཉེར་ཕྱོགས་དང་འབྲེལ་བའི་སྔོན་འགྲོའི་སྐྱེད་སྲིང་ཟབ་སྦྱོང་ Pre-Incubation Support སྤྲོད་རྒྱུ་ཡིན་འདུག  དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་དགོས་དམིགས་སོགས་ཀྱི་སྐོར་གསུང་བཤད་གཟབ་རྒྱས་གནང་ཡོད།
བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པའི་དགོས་དམིགས་གཙོ་བོ་ནི།  བོད་མིའི་སྤྱི་ཚོགས་ནང་དེང་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཡར་ཐོན་ཚོང་ལས་པ་ Entrepreneur ཇེ་མང་སྐྱེད་སྲིང་ཡོང་ཐབས་གཙོ་བོ་དང་། ཚོང་ལས་པ་དེ་དག་བརྒྱུད་རང་རེའི་སྤྱི་ཚོགས་ནང་ལས་རིགས་ཀྱི་གོ་སྐབས་མང་དུ་འགྲོ་ཐབས་དང་རིམ་པས་བཙན་བྱོལ་བོད་མིའི་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་སྲ་བརྟན་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་བཅས། །

Share with your friends










Submit