ཟླ་བ་ ༦ ཚེས ༡༣ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུ། 

༄༅། །འདི་གར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ ཐོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་བོད་ཁྱིམ་ཚོགས་ཁང་དུ་བོད་རིགས་སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་འདུ་འཛོམས་ཀྱིས་ཐོག་མར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་འཚམས་འདྲི་དང་སྦྲགས་དཔལ་འབྱོར་བཀའ་བློན་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང༌།

དེ་རྗེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཀའ་ཤག་གི་སྐུ་ཚབ་ཐོག་བརྗོད་གཞི་གཙོ་བོ།

༡ ༽  ལྔ་དང་ལྔ་བཅུ་འཆར་སྣང༌།

༢ ༽  གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས།

༣ ༽ འབྱུང་འགྱུར་དམིགས་བསལ་ཚོགས་ཆེན་སྐོར་སོགས་ཀྱི་གསུང་བཤད་གནང༌གྲུབ་མཚམས་ཚོགས་བཅར་བའི་དྲི་བར་གསལ་བཤད་གནང་བ་བཅས། །

 

 

Share with your friends










Submit