ཟླ་བ་ ༦ ཚེས ༦ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ། 

༄༅། །ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོང་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ ཉིན་བོད་དོན་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་ཆེད་མགྲོན་འབོད་གནང་ཡོད་པ་དང་། ཉན་ཞིབ་གྲོས་འདོན་པ་ཁེ་ན་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཐན་ཧའི་ནོ་ Thanh Hai Ngo མཆོག་ཡིན་འདུག
སྐུ་ཞབས་ཐན་ཧའི་ནོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་བོད་དོན་ཐོག་གྲོས་འཆར་བཏོན་གནང་ཡོད་པ་མ་ཟད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་པར། ཁེ་ན་ཌ་གཞུང་གིས་ངོས་ནས་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་འདུག དེ་བཞིན་སྐུ་ཞབས་ཐན་ཧའི་ནོ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་གི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་བཀུར་དང་། བོད་རྒྱ་གྲོས་མོལ་བསྐྱར་གསོ། ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད་པ་བཅས། །

Share with your friends










Submit