ཟླ་བ་ ༥ ཚེས ༢༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཀམ་པུ་ཊར་ཚན་པའི་ཚོགས་ཁང་དུ་ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་Tibetan Scholarship Program ཁོངས་སུ་མི་འགྲོའི་འདེམས་སྒྲུག་ལེགས་པར་གྲུབ་ཟིན་པ་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པ་ནས་ལྡི་ལི་ཨ་རིའི་གཞུང་ཚབ་ཁང་གི་དྲུང་ཆེ་ལྕམ་སྐུ་ཨི་ཞམ་ Ms. Bryce Isham ལགས་དང་སྐུ་ཞབས་ཇེ་བི་ད་སི་ JP Das ལགས། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས། དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས། བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས་བཅས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་དང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།

སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་ཁོང་རྣམ་པར་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། ཨ་རིའི་རོགས་ཚོགས་ USAID ནས་ཟློས་གར་ཚོགས་པའི་ལས་གཞི་འདྲ་མིན་ཆེད་རོགས་དངུལ་གནང་དང་གནང་བཞིན་པའི་སྐོར་ངོ་སྤྲོད་གནང་བར། སྐུ་མགྲོན་རྣམ་པས་ཧ་ཅང་དགའ་མོས་གནང་བ་མ་ཟད། ཟློས་གར་ཚོགས་པའི་འབྱུང་འགྱུར་ལས་གཞི་ཁག་གི་སྐོར་དགོངས་ཚུལ་ལྷུག་པོ་གསུངས་ཡོད་པ་བཅས། །

Share with your friends










Submit