ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་དྷརྨ་ཤཱ་ལར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པ། འབྱུང་འགྱུར་བོད་ཀྱི་མདུན་ལམ།  ཞེས་པའི་ལྷན་ཚོགས་ཐོག་འཛམ་གླིང་གང་ས་ནས་བོད་མི་ན་གཞོན་ལོ་ན་ ༢༠ ནས་ ༣༥ བར་མི་གྲངས་བརྒྱ་དྲག་འདེམ་བསྡུ་སྐོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ལོ་ལྔ་དང་ལྔ་བཅུའི་ནང་བོད་མིའི་འཐབ་རྩོད་དང་། ཆོས་རིག་འཛིན་སྐྱོང་སོགས་ཀྱི་འཆར་སྣང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་དང་། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན། 

ལྔ་དང་ལྔ་བཅུའི་འཆར་སྣང་། ཞེས་པ་ནི་གཙོ་བོ་བོད་མི་ཚོར་ཆེ་མཐོང་དང་རང་དབང་སླར་གསོ་ཐུབ་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ། མདོར་ན་འབྱུང་འགྱུར་ལས་དོན་ཇི་འདྲ་ཞིག་སྤེལ་ཡང་འཆར་སྣང་དེ་དག་གིས་ང་ཚོའི་འཐབ་རྩོད་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གཏོང་ངེས།  དེར་བརྟེན་ལྷ་རབ་བྱུང་ན་འབྱུང་འགྱུར་ལོ་ལྔའི་ནང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང་། གལ་ཏེ་དེ་ལྟར་མ་བྱུང་བར་འབྱུང་འགྱུར་ལོ་ལྔ་བཅུའི་རིང་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་དགོས་པའི་དུས་ཤིག་ཤར་ཡང་། རང་ཕྱོགས་ནས་བོད་མིའི་ཆོས་རིག སྐད་ཡིག་སོགས་འཐབ་རྩོད་ཀྱི་གཞི་རྩ་སྲ་བརྟན་ཡུན་གནས་ཐུབ་ཐབས་ཆེད་གྲ་སྒྲིག་དགོས་པ་སོགས་དམིགས་ཡུལ་ངེས་ཅན་ལ་དགོངས་བཞེས་ཐོག་བཀའ་ཤག་ནས་ལས་འགུལ་འདི་སྤེལ་བ་ཞིག་ཡིན།  ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་རེད།  

ཚོགས་ཡུལ།

བཞུགས་སྒར་རྡ་རམ་ས་ལ། ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༦ ནས་ ༡༩ བར།

འདེམས་སྒྲུག་གནང་ཕྱོགས། 

ཞུགས་བློ་ཡོད་རིགས་ནས་དྲ་ལམ་བརྒྱུད་དུས་བཀག་ནང་ཚུད་འགེངས་ཤོག་བཀང་ཟིན་པ་དགོས། 

འགེངས་ཤོག་ཕབ་ལེན་ཆེད་འདིར་གནོན། 

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ནང་ཚུད་འགེངས་ཤོག་འབུལ་ཟིན་པ་དགོས། འདེམས་སྒྲུག་ཚོགས་ཆུང་ནས་དྲག་འདེམས་གནང་སྟེ་དྲག་རིམ་ཐོ་གཞུང་གཏན་འབེབས་གནང་རྒྱུ།

འོན་ཀྱང་ལས་དོན་གང་ཅིར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་པའམ་སྤྱི་ཚོགས་ཁྲོད་འགོ་ཁྲིད་ཉམས་མྱོང་ཡོད་པ།  དེ་བཞིན་ལྷན་ཚོགས་སུ་ཆེས་ཐོག་མ་མཉམ་ཞུགས་གནང་མཁན། བཅས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

འགྲོ་གྲོན་ཡོངས་རྫོགས་ཕྱི་དྲིལ་ལས་ཁུངས་ནས་མཐུན་འགྱུར་གནང་རྒྱུ།

བདམས་ཐོན་བྱུང་བའི་ཚོགས་མི་ཚོར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ནང་ཚུད་ཚོགས་བརྡ་གཏོང་རྒྱུ། 

ཚོགས་ཞུགས་བ་མི་གྲངས་ས་བགོས།

༡། རྒྱ་གར་ནས་ཚོགས་བཅར་བའི་ས་མིག་གྲངས་ ༢༠

༢། བལ་ཡུལ་དང་འབྲུག་ནས་ཚོགས་བཅར་བའི་ས་མིག་གྲངས་ ༥

༣། བྱང་ཨ་རི་ནས་ཚོགས་བཅར་བའི་ས་མིག་གྲངས་ ༡༠

༤། ཡུ་རོབ་ནས་ཚོགས་བཅར་བའི་ས་མིག་གྲངས་ ༡༠

༥། ཨོ་གླིང་དང་ནིའུ་ཛི་ལེནཌི། ཨེ་ཤི་ཡའི་ས་ཁུལ་ཉི་ཧོང་དང་ཐེ་ཝན་ནས་ཚོགས་བཅར་བའི་ས་མིག་གྲངས་ ༥

 

ས་མིག་ལྷག་བསྡད་གྲངས་ ༥༠ ཡོད་པ་དེ་དག་ས་བགོས་མེད་པར་ཀུན་གྱིས་སྤྱོད་འཐུས། 

དུས་བཀག་རིའུ་མིག

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ནང་ཚུད་སྙན་ཞུ་འབྱོར་ཐུབ་དགོས། 

བདམས་ཐོན་བྱུང་བའི་ཚོགས་མི་ཚོར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ནང་ཚུད་ཚོགས་བརྡ་གཏོང་རྒྱུ། 

འབྲེལ་མཐུད་ཁ་བྱང་།

Email: [email protected]

Share with your friends










Submit