གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༤ རེས་གཟའ་སྤེན་པ། 

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་རེབ་གོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་ཡེ་ཤེས་རྒྱ་མཚོ་ལགས་འདས་གྲོངས་སུ་ཕྱིན་ཡོད་འདུག

དེ་ཡང་ཡེ་ཤེས་རྒྱ་མཚོ་ལགས་ཀྱི་ཕའི་མིང་སྐོ་ཏོ་དང་། མའི་མིང་ལ་བཙུན་མོ་སྐྱིད་ཟེར་གྱི་ཡོད་འདུག ཕ་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་ད་ལྟའི་ཆར་རང་ལོ་ ༥༠ དང་། ཕ་ཡུལ་རེབ་གོང་བཙན་མོ་ཡང་སྟེང་སྡེ་པ་ནས་ཡིན་ཞིང་། ཁོང་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་རྐྱེན་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་ཟླ་ཤས་རིང་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་མནར་གཅོད་དང་གཅར་རྡུང་དྲག་པོ་བཏང་རྐྱེན་སེམས་ཁམས་མི་བདེ་བ་གྱུར་ཡོད་འདུག་པ་བཅས། །

Share with your friends










Submit