ཟླ་བ་ ༥ ཚེས ༡༦ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ།

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་རྒྱབ་ནས་ཕྱི་ཟླ་ ༦ ཚེས་ ༥ བར་ཨོ་རང་གྷ་བྷཌ་དང་། མུམ་བྷེ། ཨ་རི། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ཨོ་རང་གྷ་བྷཌ་ལ་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༨ དང་ ༡༩ བཅས་ལ་ཨོ་རང་གྷ་བྷཌ་དང་མུམ་བྷེ་ས་གནས་སུ་མཛད་འཆར།  ཕྱི་ཚེས་༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌེ་སིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༢ ཉིན་ཝན་ཀོ་ཝར་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༤ ཉིན་སན་ཏ་ཕེ་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢༥ ཉིན་བྷོ་སི་ཊོན་ས་གནས་ཀྱི་གཟའ་མཇུག་སློབ་གྲྭའི་མཛད་སྒོར་ཕེབས་རྒྱུ། ཕྱི་ཟླ་ ༦ ཚེས་ ༡ ཉིན་བྷོ་སི་ཊོན་ས་གནས་སུ་མཛད་འཆར། ཕྱི་ཚེས་ ༢ ཉིན་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་རྒྱུ་དང་།  ཕྱི་ཟླ་ ༦ ཚེས་ ༥ ཉིན་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit