ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ རེས་གཟའ་པ་སངས། 

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་སོ་ནམ་སློབ་སྟོན་པའི་ས་མིག་གྲངས་ ༠༡ ཆོད་གན་ངོ་བོའི་ཐོག་བསྐོ་འཛུགས་ཞུ་རྒྱུར་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་ལྟར་ཚང་དགོས་པ་ཡིན།

ཀ།༡༽ ཤེས་ཚད། B.Sc. Agriculture ཐོན་པའི་ལག་འཁྱེར་ཡོད་ན་རབ་དང༌། དེ་མིན་ BA ཐོན་པའམ་དེ་དང་མཉམ་པའི་ ངོས་ལེན་ཡོད་པའི་ཤེས་ཚད་ལག་འཁྱེར་ཡོད་པ། དེ་ལྟར་མེད་ནའང་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ་ཡང་ན་དེ་དང་ མཉམ་པའི་ངོས་ལེན་ཡོད་པའི་ཤེས་ཚད་ལག་འཁྱེར་ཡོད་པ་གང་ཞིག་སོ་ནམ་ལས་དོན་ཐོག་དོ་དབྱིངས་དང་ཉམས་མྱོང་ཡོད་པ།

ཀ།༢༽ ཉམས་མྱོང༌། ཤེས་ཚད་ལག་འཁྱེར་དགོས་མཁོ་ལྟར་ཡོད་པ་གང་ཞིག་ཨི་ཛི་རལ་ལ་སོ་ནམ་སྦྱོང་བརྡར་དང་གླ་ཡོད་ལས་ རིགས་ལ་བསྐྱོད་ཏེ་རྙོག་གླེང་གང་ཡང་མེད་པར་ཕྱིར་འཁོར་བྱུང་བའི་ན་གཞོན་དང༌། རྒྱུན་གཏན་རང་ས་རང་འདེབས་བྱེད་བཞིན་ པའི་ན་གཞོན་ཡོད་ཚེ་དམིགས་གསལ་དགོངས་བཞེས་ཡོང་རྒྱུ།

ཀ།༣༽ དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༣་༡༽ དོ་བདག་གི་ཞུ་སྙན་དང༌། ཤེས་ཚད་ལག་འཁྱེར་གྱི་ངོ་བཤུས། ༼ངོ་བཤུས་ཡིག་ཆ་ཆ་ཚང་ལ་ས་གནས་འགོ་འཛིན་ནས་དག་མཆན་འཁོད་དགོས།༽

༣་༢༽ ས་གནས་འགོ་འཛིན་ནས་འདས་པའི་སྤྱི་ཚོགས་ནང་རྙོག་གླེང་མེད་པ་དང་རང་ས་རང་འདེབས་བྱེད་བཞིན་ཡོད་པའི་ངོས་སྦྱོར།

༣་༣༽སོ་ནམ་ལས་གཞི་ཐོག་དེ་སྔ་ཟབ་སྦྱོང་བྱས་པའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས།

༣་༤༽ དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང༌། གཟུགས་ཐང་ལས་འཕེར་ཡིན་པ་སྨན་པའི་ངོས་སྦྱོར།

ཀ།༤༽ ནང་སྲིད་ལ་ཞུ་སྙན་འབྱོར་རྒྱུའི་མཐའ་མའི་ཟླ་ཚེས་དང་དུས་ཚོད།

ཕྱི་ལོ་༢༠༡༩  ཟླ་ ༥  ཚེས་ ༣༠ རེས་གཟའ་ཕུར་བུ། དགོང་མོ་ཚོུད། ༥།༠༠ དེ་རྗེས་སུ་ཞུ་སྙན་ངོས་ལེན་ཞུ་རྒྱུ་མིན།

ཀ།༥༽ གླ་ཕོགས་དང་ཐོབ་ཐང་གཞན།

༥་༡༽ B.Sc. Agriculture ལག་འཁྱེར་ཡོད་ན་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་སྡེ་འགན་ཕོགས་རིམ་དང༌།

༥་༢༽ B.A. ལག་འཁྱེར་ཡོད་ན་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་ལས་དོའི་ཕོགས་རིམ་དང༌།

༥་༣༽ འཛིན་རིམ་ ༡༢ པའི་ལག་འཁྱེར་ཡོད་ན་དབུས་བོད་མིའི་ངལ་སེལ་ཚོགས་པའི་སྒྲིག་གྲལ་ལས་དྲུང་ཕོགས་རིམ་ཡིན།ཐོབ་ཐང་གཞན་ཁག་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཆོད་གན་ལས་བྱེད་གཞན་དང་སྤྱི་མཚུངས་ཡིན།

ཀ།༦༽ འབྲེལ་ལམ་ཁ་བྱང༌།

Secretary,

Department of Home, CTA

Gangchen Kyishong

Dharamsala-176215

Distt. Kangra HP

E-mail: agricul[email protected]

FAX: 01892-225065/Telephone: 01892- 222214/222412

Share with your friends










Submit