ཟླ་བ་ ༤ ཚེས ༡༥ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བ།

སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

༄༅། །རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་གནང་བཞིན་འདུག དེ་ཡང་ཉེ་ལམ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཁམས་ཅུང་སྙུན་གཞི་བཞེས་ཚུལ་གྱིས་ལྡི་ལི་མེག་སི་སྨན་ཁང་དུ་བསྟེན་གཏུགས་མཛད་རྗེས་རིམ་བཞིན་དྭངས་སྐྱེད་བྱུང་ཡོད་ཀྱང་། རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་ཧ་ཅང་གནང་བཞིན་འདུག  དེ་ཡང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུང་པ་ལྟར་ན།

ཕྱི་ཚེས་ ༡༤ རེས་གཟའ་ཉི་མའི་ཉིན་རྒྱ་གར་གཞུང་གིས་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཇེ་པི་ན་ཌ་Jagat Prakash Nadda མཆོག་ཆེད་མངགས་༸རྒྱལ་བའི་བཞུགས་གནས་གསོལ་མགྲོན་ཁང་དུ་༸སྐུའི་འཕྲོད་བཞེས་གནས་སྟངས་ཐུགས་ཞིབ་དང་སྦྲགས་འཚམས་ཞུའི་མཇལ་བཅར་ཞུས་འདུག སྐབས་དེར་བློན་ཆེན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་གནང་བཞིན་ཡོད་པ་དང་།  མཐུན་འགྱུར་ཞུ་སྒོ་ཅི་མཆིས་རྒྱ་གར་གཞུང་ཕྱོགས་ནས་གྲ་སྒྲིག་ཡོད་སྐོར་ཞུས་འདུག 

Share with your friends










Submit