ཟླ་བ་ ༤ ཚེས ༡ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ།

༄༅།།བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development (TED) Initiative འདིས་བོད་མིའི་སྤྱི་ཚོགས་ནང་དེང་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཡར་ཐོན་ཚོང་ལས་པ་ Entrepreneur ཇེ་མང་སྐྱེད་སྲིང་ཡོང་ཐབས་གཙོ་བོ་དང་།   ཚོང་ལས་པ་དེ་དག་བརྒྱུད་རང་རེའི་སྤྱི་ཚོགས་ནང་ལས་རིགས་ཀྱི་གོ་སྐབས་མང་དུ་འགྲོ་ཐབས་དང་རིམ་པས་བཙན་བྱོལ་བོད་མིའི་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་སྲ་བརྟན་ཡོང་རྒྱུར་དམིགས་པ་ཞིག་ཡིན།

ལས་རིམ་འདིའི་འོག་བོད་མིའི་སྤྱི་ཚོགས་ནང་ཡར་ཐོན་ཚོང་ལས་པ་དང་།   ཐོན་བསྐྱེད་བཟོ་བསྐྲུན་པ་སྐྱེད་སྲིང་ཡོང་ཐབས་སུ་རིག་གསར་ཚོང་ལས་ཀྱི་བསམ་བློ་ Innovative Business Idea ཡོད་པ་གཞོན་སྐྱེས་གྲངས་ ༢༡ གསལ་བསྒྲགས་ཀྱི་ལམ་ནས་དྲག་འདེམས་བྱུང་བ་རྣམས་ལ་ཚོང་ལས་གཉེར་ཕྱོགས་དང་འབྲེལ་བའི་སྡོན་འགྲོའི་སྐྱེད་སྲིང་ཟབ་སྦྱོང་ Pre-Incubation Support དང་དེ་རྗེས་ཚོང་ལས་འགོ་འཛུགས་མ་དངུལ་གྱི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཁོང་རྣམས་རང་རང་གི་ཚོང་ལས་ཐོག་ལས་དོན་གང་ལེགས་སྤེལ་བཞིན་ཡོད།

འདི་ལོ་ཡང་རང་རེའི་སྤྱི་ཚོགས་ནང་ཡར་ཐོན་ཚོང་ལས་པ་དང་།   ཐོན་སྐྱེད་བཟོ་བསྐྲུན་པ་གང་མང་སྐྱེད་སྲིང་ཡོང་ཐབས་སུ་ཡར་ཐོན་ཚོང་ལས་པ་གྲངས་ ༥ དྲག་འདེམས་ཀྱིས།

  • སྡོན་འགྲོའི་སྐྱེད་སྲིང་སྦྱོང་བརྡར། Pre-Incubation Training
  • ཚོང་ལས་འགོ་འཛུགས་ཀྱི་མ་དངུལ་མཐུན་འགྱུར། Start-up Funding
  • ཚོང་ལས་དེབ་སྐྱེལ་ཀྱི་རམ་འདེགས། Business Registration Support
  • ཚོང་ལས་དངོས་སུ་གཉེར་ཕྱོགས་ཀྱི་ལམ་སྟོན་མཐུན་འགྱུར། Mentorship Support     བཅས་མཐུན་སྐྱེན་སྦྱོར་སྤྲོད་ཞུ་འཆར་ལགས་ན།   རིག་གསར་གྱི་ཡར་ཐོན་ཚོང་ལས་པ་སུ་མཆིས་ནས་གོང་གསལ་མཐུན་རྐྱེན་གང་རུང་ངམ་ཆ་ཚང་ཇི་འོས་ཞུ་བློ་ཡོད་ཚེ་འཚང་སྙན་འགེངས་ཤོག་ཨིན་ཡིག་ཐོག་ཡོད་པ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་དང་ཡང་ན་དྲ་རྒྱ་ནས་ཕབ་ལེན་བྱ་འཐུས།   ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས་སོགས་ཀྱི་ཞིབ་གནས་ལས་གཞི་འདིའི་དྲ་རྒྱར་གཟིགས་རྒྱུ་ཡོད་པར་ཐུགས་ཞིབ་ཡོང་བ་ཞུ།    
  • དྲ་རྒྱའི་ཁ་བྱང www.tibetanentrepreneurs.org ཡིན། ཆ་རྐྱེན་གཏན་འབེབས་ལྟར་ཚང་བའི་འཚང་སྙན་ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༡༥ འགྱངས་མེད་དྲ་ལམ་བརྒྱུད་དམ་ཡང་ན་གཤམ་གསལ་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་གན་ཆེའི་གསལ་བསྒྲགས་སུ།   དཔལ་འབྱོར་ལས་ཁུངས་ནས་ ༢༠༡༩ ཟླ་ ༠༤ ཚེས་ ༠༡ ལ།།
Share with your friends










Submit