ཟླ་བ་ ༤ ཚེས ༡༠ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༤ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཧོན་སུར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་སྦྲེལ་ཐོག མཐོ་སློབ་སློབ་མཐར་སོན་པའི་བོད་རིགས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས་པ་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ་མམ་མཚན་ཉིད་དང་། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་ངོ་སྤྲོད་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཞིག་ལག་བསྟར་བྱེད་མུས་ལྟར། ཟླ་དྲུག་ཟབ་ཁྲིད་ཐེངས་དྲུག་པ་དེ་ཡང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སློབ་གཉེར་བྱ་འདོད་ཡོད་རིགས་ནས་ཞུ་སྙན་འགེངས་ཤོག་ཕབ་ལེན་གྱིས་ཞིབ་ཕྲ་བཀང་སྟེ་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ འགྱངས་མེད་ཞུ་སྙན་འབུལ་ཟིན་པ་དགོས། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ ལ། །

༡། དགོས་ངེས་ཆ་རྐྱེན།

༡། མཐོ་རིམ་སློབ་མཐར་སོན་པའམ་སློབ་མཐར་སོན་ལ་ཉེ་བ།

༢། དང་བླངས་དཔྱ་དངུལ་ ༢༠༡༨ བར་གཙང་ཕུལ་ཞུས་པའི་ངོ་བཤུས།

༣། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།

ཐུགས་སྣང་། གོང་གསལ་དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་མཐོ་སློབ་ཀྱི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ།

༢། མཐུན་འགྱུར།

ལམ་གྲོན་དང་། བཞུགས་གནས། ཞལ་ལག དེ་བཞིན་ཟླ་རེར་ལག་དོད་བཅས་གནང་རྒྱུ།

༣། རྒྱུགས་སྤྲོད་དང་ལག་འཁྱེར།

སློབ་ཁྲིད་ཟིན་མཚམས་ངག་རྒྱུགས་དང་འབྲི་རྒྱུགས་གཏོང་རྒྱུ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་ལག་འཁྱེར་གནང་རྒྱུ།

ཞུ་སྙན་འབུལ་ཡུལ།

The Secretary

Department of Religion and Culture, CTA

P.O. Dharamsala-176215,

District Kangra,

(H.P.)

Email: [email protected]

Phone: 01892-226737 / 222685

Concerned staff mobile no: 9816743672

Share with your friends










Submit