ཟླ་བ་ ༤ ཚེས ༡༧ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །ཨ་རི་ཡུ་ཊ་མངའ་སྡེའི་ཁོངས་ལྦཱ་སཱ་ཅི་གཙུག་ལག་སློབ་ཁང་ Wasatch Academy, Utah, US ཞེས་པའི་སྙན་གྲགས་ཅན་གྱི་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༨ ལོའི་འཛིན་རིམ་བརྒྱད་པའི་ཡིག་རྒྱུགས་སྐབས་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པ་་དང་། ད་ལྟ་འཛིན་གྲྭ་དགུ་པའི་ནང་སློབ་གཉེར་གནང་བཞིན་པའི་ཁར་དམིགས་བསལ་ཨང་རྩིས་དང་བཟོ་སྐྲུན་ལས་རིགས་ཐོག་དོ་དབྱིངས་ཡོད་པའི་བཙན་བྱོལ་བོད་མིའི་སློབ་ཕྲུག་གཅིག་ལ་འཛིན་རིམ་དགུ་པ་ནས་བཅུ་གཉིས་བར་སློབ་སྦྱོང་ཆེད་ཕར་ཚུར་གནམ་གླ་རང་ངོས་ནས་འབུལ་་དགོས་ཕུད། གཞན་སློབ་ཡོན་ཁོངས་ Tuition fees, room and board ཆ་ཚང་གོང་འཁོད་སློབ་ཁང་ནས་གནང་རྒྱུའི་ཞལ་བཞེས་བྱུང་ཡོད་པ་ལྟར།

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ རེས་གཟའ་ཟླ་བའི་་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་ཡིག་དང། ཨིན་ཇི། ཨང་རྩིས་བཅས་ཀྱི་འབྲི་རྒྱུགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། མོན་གྷོ་འདོད་རྒུ་གླིང་། སྤོན་ཊ་ཆོལ་གསུམ། ལྡེ་ར་ལྡུན། ཧ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་བཅས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་ཡིག་རྒྱུགས་དེ་བཞིན་གོ་སྒྲིག་གནང་ཡོད་འདུག

སྐབས་དེར་ཡིག་རྒྱུགས་སུ་བུ་ ༡༥ དང་། བུ་མོ་ ༣༨ བཅས་ཁྱོན་སློབ་ཕྲུག་གྲངས་ ༥༨ མཉམ་ཞུགས་གནང་ཡོད། 

མཐའ་མའི་འདེམས་སྒྲུག་འདི་ལོའི་ཕྱི་ཟླ་ ༥ ནང་ལྦཱ་སཱ་ཅི་གཙུག་ལག་སློབ་ཁང་གི་ཚོགས་མི་ནས་རྩེ་ཕུད་སོན་པའི་སློབ་ཕྲུག་ ༤ ལ་ངག་རྒྱུགས་གི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་འདུག་པ་བཅས། །

 

Share with your friends










Submit