ཟླ་བ་ ༤ ཚེས ༢༠ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།

༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་ཆེད་དུ་དངོས་བྱུང་ངམ་དམིགས་བསལ་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་ཆེད་ཧིན་སྒོར་ ༢༠༠,༠༠༠།༠༠(འབུམ་གཉིས།) རེའི་མ་དངུལ་གནང་རྒྱུ་ཡིན།

གློག་བརྙན་གྱི་བརྗོད་གཞི།      བཙན་བྱོལ་ནང་ལོ་ ༦༠ དཀའ་སྡུག་དང་གྲུབ་འབྲས། (ཤེས་ཡོན། ཆོས་དང་རིག་གཞུང། འཕྲོད་བསྟེན། སྤྱི་སྒེར་བདེ་དོན་སོགས་གང་རུང་ཐོག་ལ་བཟོ་ན་འཐུས་རྒྱུ།)

སྐད།                         བོད་ཨིན་གང་རུང་ཐོག་མཆན་འགོད་ཅན་ཡིན་དགོས།

དུས་ཡུན།                     སྐར་མ་ ༣༠ ལས་མ་མང་བ།

ལས་གཞིའི་དམིགས་ཡུལ།       བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས་ཞུ་རྒྱུ། གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ།

འདེམས་སྒྲུག་བརྒྱུད་རིམ།             

༡༽ ལས་གཞི་འདིའི་མ་དངུལ་ཞུ་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ གོང་བོད་ཀྱི་བརྙན་འཕྲིན་ཚན་པར་མིང་ཐོ་དེབ་འགོད་དང་སྦྲགས་གློག་བརྙན་གྱི་ནང་དོན་ཚིག་འབྲུ་བརྒྱ་ལས་མི་ཉུང་བའི་རྩོམ་ཞིག་བྲིས་ནས་འབུལ་དགོས་པ་ཡིན། གློག་བརྙན་ངོ་མ་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་ཕྱི་དྲིལ་ལས་ཁུངས་ཀྱི་ཁ་བྱང་ཐོག་གློག་འཕྲིན་ནམ་ངོ་བཅར་གྱིས་ཕུལ་ཟིན་པ་དགོས།

༢༽ འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་གློག་བརྙན་ཁག་ལ་ཐུགས་ཞིབ་དང་འབྲེལ་གློག་བརྙན་བདུན་དྲག་འདེམས་གནང་རྒྱུ་ཡིན།

༣༽ གློག་བརྙན་དེ་དག་མང་ཚོགས་ལ་གཟིགས་འབུལ་གྲུབ་མཚམས་བོད་ཀྱི་བརྙན་འཕྲིན་དང་བརྒྱུད་ལམ་གཞན་ཁག་གི་ནང་འཇོག་རྒྱུ་ཡིན་པ་བཅས།                              

 ཞུ་སྙན་འགེངས་ཤོག

མིང་།
ཕོ་མོ།
སྐྱེས་ཚེས།
དོ་བདག་གི་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར།
གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་།
གློག་བརྙན་བརྗོད་གཞི།

 ཞུ་སྙན་འབུལ་ཡུལ།

The Secretary

Department of Information & International Relation, CTA

P.O Dharamsala 176215, District Kangra, H.P

Email: [email protected], [email protected]

Tel: +91-1892-222457, 222510   Fax: +91-1892-224957

Share with your friends










Submit