ཟླ་བ་ ༣ ཚེས ༡༤ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །ཨོ་གླིང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱལ་ས་ཁེན་བྷེ་ར་དང་། སི་ཌི་ནི་གྲོང་ཁྱེར། ནོ་ར། ནིའུ་ཁེ་སེལ་ཁུལ་གྱི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་རྒྱལ་ས་ཁེན་བྷེ་རར་འདུ་འཛོམས་གནང་སྟེ་བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༠ འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་རྒྱལ་ས་ཀེན་བྷེ་ར་ནང་མི་འཛོམས་ཆེ་སའི་ཁྲོམ་གཞུང་ Garema Place ཞེས་པར་བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༠ འཁོར་བའི་མཛད་སྒོ་ཚུགས་ཏེ་སྐུ་ཚབ་དོན་གཅོད་མཚོ་འགོ་ལྷག་པ་ལགས་དང་། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ཌེན་བྷི་ Michael Danby ལགས། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྤྱི་ཚོགས་དང་ལས་འགུལ་དྲིལ་བསྒྲགས་བཀོད་སྒྲིག་པ་ལྕམ་སི་ཨན་ཝི་ལེམ་ལོན་ Sian Williamson ལགས། ཨོ་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་རྡར་མིན་དར་ཤར་མ་ Dharminder Sharma ལགས། བློན་ཆེན་ཤན་ར་ཏྣ་བྷ་རི་ Shane Rattenbury ལགས་དང་ཀེ་རོ་ལིན་ལི་ Ms Caroline Le Couteur ལགས་སོགས་ཀྱི་བོད་མིར་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད།

དེ་རྗེས་ལས་འགུལ་བ་རྣམས་ཁྲོམ་གཞུང་ནས་ཀེན་བྷེ་རའི་རྒྱ་ནག་གཞུང་ཚབ་ཁང་བར་ཞི་བའི་གོམ་འགྲོད་གནང་ཡོད། རྒྱ་ནག་གཞུང་ཚབ་མདུན་དུ་ཚབ་སྲིད་བཙོན་ཟུར་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ Liu ལགས་སོགས་ཀྱི་གསུང་བཤད་གནང་ཡོད། །

 

Share with your friends










Submit