གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༨ རེས་གཟའ་ཕུར་བུ།

༄༅། །འདི་གར་སྦེང་ལོ་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱིས་གཙོ་སྐྱོང་འོག་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང༌། མཉམ་འབྲེལ་ཚོགས་གཙོ་ལྷན་འཛོམས་ཀྱིས་ཐོག་མར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས།

ད་ལན་ཚོགས་འདུ་ཚོགས་བསྐོང་ཞུ་རྒྱུའི་གནད་དོན་གྲོས་གཞི་དོན་ཚན་ཁག་གསུམ་ཐོག་གོ་བསྡུར་ཞུས།
༡། དེ་སྔོན་ཀར་ན་ཀྲ་ཀ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་མཇུག་སྐྱོང་དང་རྩིས་ཁྲ་མཇུག་བསྡོམས། མ་འོངས་བྱེད་འཆར།
༢། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་ལྟར། ཧོན་སུར་གཞིས་ཆགས་གཙོ་བོར་གྱུར་པའི་གཞིས་ཆགས་གཞན་ལ་ཡང་སྣུམ་ཤིང་དང་ཚོང་ཁེ་ཆེ་བའི་རྩི་ཤིང་ Jatropa, Malabar Neem, Casurina བཅས་ཚོད་ལྟ་འདེབས་ལས་བྱ་རྒྱུའི་སྐོར་གོ་བསྡུར་ཞུས།
༣། གཞན་ཡང་གཞིས་ཆགས་ནང་དམིགས་བསལ་ཀར་ན་ཀྲ་ཀ་མངའ་གཞུང་དང་འབྲེལ་བའི་དཀའ་སེལ་གོ་བསྡུར་ཞུས་ཏེ་ཚོགས་བཅར་བ་ཡོངས་ནས་གནད་དོན་ཐོག་བསམ་ཚུལ་དང་དགོངས་འཆར་ལྷུག་པོ་གནང་ཡོད་པ་བཅས།

Share with your friends










Submit