ཟླ་བ་ ༢ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༤ རེས་གཟའ་ལྷག་པ། 

༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ཀྱི་སིལ་སྤོལ་རྩེད་ཐང་གི་གནས་སྟངས་ཞན་པར་བརྟེན་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་རོགས་ཚོགས་ཐབས་འཚོལ་གྱིས་འགྲོ་གྲོན་ཆེན་པོ་བཏང་སྟེ་ད་ཆ་རྩེད་ཐང་གསར་རྒྱག་ལེགས་གྲུབ་བྱུང་མཚམས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༨ རེས་གཟའ་པ་སངས་ཉིན་གྱི་སྔོ་དྲོ་ཆུ་ཚོད་ ༩།༥༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ས་གནས་སུ་ཆེད་ཕེབས་ཀྱིས་རྩེད་ཐང་གསར་པ་དབུ་འབྱེད་གནང་འདུག 

སྐབས་དེར་བཀའ་བློན་མཆོག་གིས་མི་མང་ཚོར་རྒྱུན་དུ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་།  ལྷག་པར་གློ་ནད་ཊི་སྦི་སོགས་ལ་སྔོན་འགོག་སོགས་གཟབ་གྲུང་གནང་གལ་དགོས་སྐོར་སོགས་གསུངས།  

དེ་རྗེས་ས་གནས་འགོ་འཛིན་གྱིས་སིལ་སྤོལ་རྩེད་ཐང་གསར་རྒྱག་ལས་གཞི་ལེགས་གྲུབ་ཀྱི་ལས་བསྡོམས་སྒྲོག་སྦྱང་གནང་གྲུབ་མཚམས་ཚོགས་བཅར་བ་རྣམས་ལ་གསོལ་ཇ་འདེགས་འབུལ་ཞུས། དེ་ནས་ས་གནས་གཞིས་ཆགས་ཀྱི་ན་གཞོན་རུ་ཁག་གཉིས་དབར་སིལ་སྤོལ་རྩེད་འགྲན་གནང་ཡོད་པ་བཅས། །

Share with your friends










Submit