Published By ngawang thokmey

༢༠༡༩ ཟླ་ ༢ ཚེས་ ༢ རེས་གཟའ་སྤེན་པ།

༄༅། །བོད་ཀྱི་ཟློས་གར་ཚོགས་པར་ཆོད་གན་ལས་བྱེད་ཀྱི་ངོ་བོའི་ཐོག་འབྲེལ་མཐུད་མི་སྣའི་ས་མིག་སྟོང་པ་ཞིག་ཡོད་པར་འཚང་སྙན་འབུལ་བློ་མཆིས་ཚེ་འཇོན་ནུས་ལ་དཔག་ཏེ་མུ་མཐུད་དུས་ཡུན་འཕར་འགྱངས་ཞུ་འཐུས་ཆོག

ཤེས་ཚད་དང་ཉམས་མྱོང་།
༡།མ་མཐར་ཚད་ལྡན་གྱི་ཉེ་བའི་གཙུག་ལག་རབ་འབྱམས་མཐར་སོན་པ། BA
༢།སྤྱི་ཚོགས་རྒྱུད་ལམ་དང་བཅས་པར་ཨིན་ཡིག་ཐོག་རྩོམ་ཡིག་འབྲི་ཀློག་དང་གཏམ་བཤད་བྱེད་ཐུབ་པ།
༣།གོང་གསལ་ས་མིག་དེའི་ཐོག་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གྱི་གོ་སྐབས་འབུལ་རྒྱུ།

ལས་གནས་ཀྱི་ངོ་བོ་དང་འགན་འཁྲི།
༡།ཟློས་ཟུར་ཁག་དང་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུས་མཚོན། ཟློས་ཟུར་གྱི་ཚོགས་མི་གསར་པ་ཇེ་མང་དུ་གཏོང་རྒྱུ།
༢།བོད་ཀྱི་ཟློས་གར་དང་ཚོགས་པའི་ལས་དོན་རྣམས་ངོ་སྤྲོད་ཁྱབ་སྤེལ་གང་ལེགས་བྱ་རྒྱུ།
༣།བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་གྱི་ལས་དོན་སོགས་བདག་གཉེར་བྱ་རྒྱུ།

དགོས་ངེས་ཀྱི་ཡིག་ཆ་ཁག (ཡིག་ཆ་ངོ་མ་རྣམས་ངག་རྒྱུགས་སྐབས་མཉམ་འཁྱེར་དགོས།)
༡།མཐོ་སློབ་ཐོན་པའི་ལག་འཁྱེར་ཁག་གི་ངོ་བཤུས།
༢།དྭངས་བླང་དཔྱ་དངུལ་དང་སྐྱབས་བཅོལ་ལག་དེབ་འཕར་འགྱངས་གཙང་ཕུལ་ཟིན་པའི་ངོ་བཤུས།
༣།ཚད་ལྡན་གྱི་སྨན་ཁང་ཞིག་ནས་བདེ་ཐང་ཡིན་པའི་རང་གི་འདྲ་པར་ཅན་གྱི་སྨན་པའི་ངོས་སྦྱོར།
༤།ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར། ༥།ཁྱབ་ཁོངས་ས་གནས་འགོ་འཛིན་ནས་སྤྱོད་ལམ་ཐོག་ལབ་གླེང་མེད་པའི་རྒྱབ་གཉེར།

ལོ་ནའི་བབས། རང་ལོ་ ༢༥ ནས་ ༣༥ བར་གྱི་དར་མ་ཞིག

ཐོབ་ཐང་དང་ཁེ་ཕན།
༡༽ སྒང་ཕོགས་ཟླ་རེར་ཧིན་སྒོར་ ༡༨༠༨༣ དང་། ལས་ཤག་གནས་རིམ་ལྟར་འབུལ་རྒྱུ།

སྙན་ཞུའི་དུས་བཀག ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ ཉིན་རྒྱབ་ཕྱག་ཚོད་ ༥: ༠༠བར།

འཚང་སྙན་འགེངས་ཤོག་རེའུ་མིག སྙན་ཞུའི་འགེངས་ཤོག་ https://goo.gl/forms/wPfLObPZMgnoPI073 དྲྭ་ལམ་ཐོག་བཀང་ཙམ་གྱིས་ཆོག་པས་དངོས་སུ་སྐུར་མི་དགོས།

བོད་ཀྱི་ཟློས་གར་ཚོགས་པའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་སུ།

Share with your friends










Submit