གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ རེས་གཟའ་པ་སངས། 

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་དགེ་རྒན་ཆེན་མོ་ཞིག་གི་ས་སྟོང་ཡོད་ན། རང་རིགས་ཞུགས་འདོད་ཡོད་མཁན་རྣམས་ནས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།
ཀ༽ ཤེས་ཚད་ཆ་རྐྱེན་ལྔ་ནས་གང་རུང་གཅིག་ཚང་དགོས།
༡། ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། (B.Ed with Special Education) ལག་འཁྱེར།
༢། དམིགས་བསལ་དགོས་མཁོ་ཅན་གྱི་ཐོག་ཤེས་ཚད་ (Post Graduate Diploma in Special Education) ལག་འཁྱེར།
༣། སློབ་གྲྭའི་འཛིན་སྐྱོང་ཐོག་ (Degree/Diploma in School Management/Administration) ལག་འཁྱེར་སྟེང་ཉུང་མཐར་ལས་མྱོང་ལོ་གཅིག
༤། སློབ་དགེའི་ཤེས་ཚད་ B.Ed ཐོག་དམའ་མཐར་བརྒྱ་ཆ་ ༥༥ སྟེང་འཛིན་སྐྱོང་གི་ཉམས་མྱོང་ལོ་ ༥ ཡོད་པ།
༥། མཐོ་སློབ་བརྒྱ་ཆ་ ༦༠ ལོན་པའི་སྟེང་སློབ་གྲྭའི་འཛིན་སྐྱོང་ཉུང་མཐར་ལས་མྱོང་ལོ་གཉིས་ཡོད་པ།
ཁ༽ དགོས་ངེས་ཆ་རྐྱེན་གཞན།
༡། དྭང་བླངས་དཔྱ་དངུལ་ ༢༠༡༩།༣།༣༡ བར་གཙང་ཕུལ་ཟིན་པའི་ངོ་བཤུས།
༢། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༣། སྨན་པ་ཚད་ལྡན་ནས་གཟུཌ་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པའི་ངོས་སྦྱོར་ངོ་མ།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༥། ད་ལྟ་སྤྱི་སྒེར་གང་དུའང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦། རང་ལོ་ ༤༥ ལས་མ་བརྒལ་བ།
༧། རང་ལོ་ ༥ མན་གྱི་ཕྲུ་གུ་མཉམ་སྦྱར་མེད་པ།
ག༽ དམིགས་བསལ།
ད་ཡོད་མངོན་དགའི་ལས་བྱེད་ཁོངས་ནས་འཚང་སྙན་འབུལ་འདོད་ཡོད་ཚེ།
༡། མངོན་སློབ་ནང་ཞབས་ལོ་ ༣ ཉུང་མཐར་གཙང་ཟིན་པ།
༢། ཤེས་ཚད་ལག་འཁྱེར་གྱི་འདྲ་བཤུས།
༣། དྭང་བླངས་དཔྱ་དངུལ་ ༢༠༡༩།༣།༣༡ བར་གཙང་ཕུལ་ཟིན་པའི་ངོ་བཤུས།
༤། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༥། རང་ལོ་ ༤༥ ལས་མ་བརྒལ་བ།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ ༢༠༡༩།༢།༢༨ ཕྱི་དྲོ་ཚོུད་ ༥ གོང་འབུལ་འབྱོར་ཟིན་པ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་བཅས་འཚང་སྙན་ནང་ཁ་གསལ་འགོད་དགོས། ཡིག་ཆ་ངོ་མ་རྣམས་རྗེས་སུ་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་བྱ་ཚེས་ལན་གསལ་ཡོང་རྒྱུ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ ལ།།
འཚང་སྙན་འབུལ་ཡུལ།
Secretary,
Department of Health, CTA
Gangchen Kyishong, Dharamsala 176215
Distt Kangra H.P.
Email: [email protected] / [email protected]

Share with your friends










Submit