ཟླ་བ་ ༢ ཚེས ༡༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་  ཚེས་ ༡༢ ནས་ ༡༥ ཉིན་གྲངས་བཞིའི་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེལ་ཀོབ་འཚོ་བྱེད་ཁང་གསར་སྨན་ཁང་དུ་ས་གནས་ཀྱི་སྨན་པ་གྲངས་  དང་། སྨན་ཞབས་མ་གྲངས་ ༢༢ དེ་བཞིན་ས་གནས་ཀྱི་འཕྲོད་ལས་གྲངས་  ཁྱོན་མི་གྲངས་ ༣༤ བཅས་ལ་རྫ་དྲག་སྨན་བཅོས་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དང་སྦྱོང་བརྡར་ཞིག་ཚོགས་འདུག  

ཟབ་སྦྱོང་དེ་ནི་སྙིང་གི་ནད་གཞི་དང་། སྲོག་ཆགས་ཀྱིས་རྨུག་པ། འཚིག་སྐྱོན་ཕོག་པ། ཟས་དུག་ཤོར་བ་སོགས་ལ་བཅོས་ཐབས་ཆེད་ཡིན་འདུག སྐབས་དེར་སྲོག་སྐྱོབ་ཐབས་ལམ་གྱི་ཟབ་སྦྱོང་རིམ་པ་མཐོ་དམའ་གཉིས་གནང་ཡོད་པ་དང་།  

ཐེངས་འདིར་ཟབ་སྦྱོང་གྱི་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རི་ཐེབས་རྩ་ USAID དང་། ཟབ་སྦྱོང་སྤྲོད་མཁན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སྨན་ཁང་ Narayanna Multispecialty Hospital ཡིན་འདུག་པ་བཅས།  

Share with your friends










Submit