ཟླ་བ་ ༡ ཚེས ༢༤ ༢༠༡༩
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།

His Holiness the Dalai Lama addressing a group of Indian scholars at his residence in Dharamsala, HP, India on January 24, 2019. Photo by Ven Tenzin Jamphel

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱ་གར་ན་གཞོན་བོད་དོན་ཉམས་ཞིབ་པའི་ཚོགས་འདུ་ཐོག་མཉམ་ཞུགས་གནང་མཁན་རྒྱ་གར་ནང་གི་མཐོ་སློབ་དང་ཉམས་ཞིབ་བསྟི་གནས་ཁང་ཁག་ ༡༣ ནས་སློབ་དཔོན་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གྲངས་དང་ཉེ་བའི་འབུམ་རམས་པ་བཅས་ཁྱོན་རྒྱ་གར་ན་གཞོན་ཉམས་ཞིབ་པ་ ༢༢ ཙམ་ལ་བཀའ་སློབ་སྩལ་དོན། ངོས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་སླེབས་པ་ནས་བཟུང་རྒྱ་གར་ནི་ང་ཚོའི་ཁྱིམ་ལྟ་བུ་ཞིག་ཡིན། ཕྱོགས་མཚུངས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་འབྲང་པའམ་སློབ་ཕྲུག་ཞིག་ཀྱང་ཡིན། དཔལ་ནཱ་ལེནྡྲའི་རིག་གཞུང་དེ་ནི་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལེགས་བཤད་སྙན་གྲགས་ཆེ་བའི་སློབ་གཉེར་ཁང་ཞིག་ཡིན་པར་བརྟེན་དུས་རབས་ཁ་ཤས་ནང་ཚུད་སློབ་གཉེར་ཁང་དེའི་ནང་ནས་མཁས་པ་མང་པོ་ཞིག་འབྱུང་བ་རེད།

His Holiness the Dalai Lama speaking to a group of Indian scholars at his residence in Dharamsala, HP, India on January 24, 2019. Photo by Ven Tenzin Jamphel

དུས་རབས་བརྒྱད་པའི་སྐབས་དེར་བོད་ཀྱི་རྒྱལ་པོས་རྒྱ་གར་ནང་ཁུངས་ལྡན་གྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བརྒྱུད་པ་ཡོད་པ་ཉིད་དེ་རྒྱ་གར་འཕགས་པའི་ཡུལ་ནས་དཔལ་ནཱ་ལེནྡྲའི་མཁས་པ་གྲགས་ཅན་ཤན་ཏི་རག་ཤི་ཏ་མཆོག་བོད་ནང་གདན་འདྲེན་གྱིས་དཔལ་ནཱ་ལེནྡཱའི་རིག་གཞུང་གཞིར་བཟུང་གིས་ནང་པ་སངས་རྒྱས་ཆོས་ལུགས་དེ་བཞིན་འགྲེལ་བརྗོད་གནང་ཡོད། ནཱ་ལེནྡཱའི་མཁས་པ་དེ་དག་གིས་བརྩམས་པའི་གཞུང་ལུགས་དེ་དག་བོད་མིས་སློབ་སྦྱོང་བྱེད་དེ་ལོ་ངོ་སྟོང་ཕྲག་ལྷག་ཙམ་ཉར་ཚགས་བྱེད་ཡོད། ཁྱོད་རྒྱ་གར་བ་རྣམས་ནཱ་ལེནྡཱའི་རིག་གཞུང་དེ་དག་བརྗེད་འདུག ༼ ཞལ་ཤོབ་མཛད།༽
དཔལ་ནཱ་ལེནྡཱའི་རིག་གཞུང་ནི་ནང་པའི་ཆོས་ལུགས་ཐོག་ལ་ཙམ་མིན་པ་མ་ཟད། གཞན་ཡང་ལྟ་གྲུབ་དང་ཚད་མ་རིག་པ་དང་། འགྲོ་བ་མིའི་སེམས་དང་སེམས་ཚོར། དེ་བཞིན་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལའང་ཤེས་དཔྱད་བྱེད་ཐུབ། ཉེ་ལམ་རྒྱ་ནག་ནང་དུ་ནང་པ་ཧ་ལམ་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་ཀྱང་ཆོས་ཀྱི་སློབ་སྦྱོང་དང་།ཚད་མ་རིག་པའི་ཐོག་དོ་སྣང་ཆེ་ཙམ་མིན་འདུག བོད་མི་རྣམས་ཀྱིས་དུས་ཀུན་ནང་པའི་ལྟ་གྲུབ་དང་ཚད་མ་རིག་པའི་ཐོག་ལ་མཇུག་སྐྱེལ་བྱེད་བཞིན་ཡོད།

A member of a group of young Indian scholars asking His Holiness the Dalai Lama a question during their meeting at his residence in Dharamsala, HP, India on January 24, 2019. Photo by Ven Tenzin Jamphel

ད་ཆ་འཛམ་གླིང་ནང་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་རིག་གཞུང་རྣམས་ཕན་ཐོགས་ཆེ་ཤོས་གྲས་ཤིག་ཡིན། རྒྱལ་ཁབ་གཞན་དུ་རོགས་འདེགས་ཞུ་རྒྱུའི་སླད་ཆེས་ཐོག་མར་རྒྱ་གར་གནའ་རབས་ཀྱི་རིག་གཞུང་རྣམས་བསྐྱར་གསོ་བྱེད་དགོས། རྒྱ་གར་བ་རྣམས་རང་གནའ་རབས་ཀྱི་རིག་གཞུང་ཐད་དོ་སྣང་ཇེ་ཙམ་བྱེད་དགོས་རྒྱུ་གལ་ཆེན་པོ་དང་སྦྲགས་འབོད་སྐུལ་ཞུ་རྒྱུ་ཡིན། ནང་སེམས་ཀྱི་ཞི་བདེ་བསྐྲུན་མི་ཐུབ་ཚེ་ཕྱི་ཡི་ཞི་བདེའི་ནམ་ཡང་མི་ཐོབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཉམས་ཞིབ་པ་རྣམས་ཀྱིས་དྲི་བར་བཀའ་ལན་མཛད་ཡོད་པ་བཅས། །

His Holiness the Dalai Lama with a group of young Indian scholars, participants in a Conference on Tibetan Studies, after their meeting at his residence in Dharamsala, HP, India on January 24, 2019. Photo by Ven Tenzin Jamphel

Share with your friends










Submit