ཟླ་བ་ ༡ ཚེས ༣༡ ༢༠༡༩

ཕྱི་ལོ ༢༠༡༩ ཟླ་ ༡ ཚེས་ ༣༡ རེས་གཟའ་ཕུར་བུ།

༄༅། ། བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་ལྡི་ལི་འཕྲོད་བསྟེན་སྨན་ཁང་དུ་ལས་འཆར་ཞིག་གི་འོག་ཆོད་གན་སྨན་སྤྲོད་ Pharmacist ཞིག་དགོས་འདུག་ན། རང་རེེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཐོག་འཚང་སྙན་འབུལ་དགོས།

དགོས་མཁོའི་ཆ་རྐྱེན་ཁག

༡། དམའ་མཐར་སྨན་སྤྲོད་ B.Pharm or Diploma in Pharmacy ཐོན་པའི་ལག་འཁྱེར་ཡོད་པ།

༢། དྭང་བླང་དཔྱ་དངུལ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།

༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་སྐྱབས་བཅོལ་ལག་འཁྱེར་ཀྱི་ངོ་བཤུས།

༤། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།

༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།

གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཕྱི་དྲོ་ཆུ་ཚོད་ ༥ གོང་གཤམ་གསལ་ཞལ་བྱང་ཐོག་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ E-mail ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས། གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་དག་མཆན་དང་ལས་དམ་ངེས་པར་འཁོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། འཚང་སྙན་འབུལ་མཁན་མང་ཉུང་ལ་གཟིགས་ཏེ་རྒྱུགས་བྱ་ཡུལ་སོགས་སྐབས་མཚམས་ཐག་གཅོད་ཀྱི་ལན་གསལ་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣༠ ལ། །

འཚང་སྙན་འབུལ་ཡུལ།

Secretary,
Department of Health, CTA
Gangchen Kyishong
Dharamsala 176215 Distt. Kangra H.P.
Tele:(01892)223408, Fax:(01892)222718
E-mail: [email protected]/[email protected]

Share with your friends










Submit