ཟླ་བ་ ༡ ཚེས ༢༩ ༢༠༡༩

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༩ རེས་གཟའ་མིག་དམར།

༄༅། །ཕྱི་དྲིལ་སྣར་ཐང་པར་ཁང་དུ་ལས་བྱེད་ས་མིག་གཉིས་ཡོད་པར་གསར་འདེམས་བསྐོ་བཞག་གནང་རྒྱུ་ཡིན་པའི་དགོས་ངེས་ཆ་རྐྱེན་གཤམ་གསལ།

དགོས་ངེས་ཆ་རྐྱེན།

༡༽  འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་ཡོད་པ་དང་། དེ་ལས་མཐོ་བར་དམིགས་བསལ་གོ་སྐབས་འབུལ་རྒྱུ།

༢༽  པར་འདེབས་འཕྲུལ་འཁོར་ Offset  བསྐུལ་གཏོང་སྦྱོང་བརྡར་ཐོན་པའི་ལག་འཁྱེར་ཡོད་པ་དང་། ཡང་ན་པར་སྐྲུན་ཁང་དུ་ལོ་ ༣ ལས་མི་ཉུང་བ་ལས་ཀ་བྱེད་མྱོང་ཡོད་པའི་ངོས་སྦྱོར་ཡོད་པ།

༣༽  རང་ལོ་ ༣༥ ལས་མ་བརྒལ་བ་དགོས་རྒྱུ།

ཆ་རྐྱེན་གཞན།

༡༽  འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།

༢༽  གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ R.C. ཤོག་གྲངས་དང་པོ་ནས་བཞི་པ་བར་དང་མཐའ་མའི་ངོ་བཤུས།

༣༽  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསལ་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།

༤༽  རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ Character Certificate ངོས་སྦྱོར། 

༥༽  གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར།

༦༽  ངོ་བཤུས་ཡིག་ཆར་ས་གནས་འགོ་འཛིན་ནམ། ཡང་ན་གཞུང་ཞབས་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་འཁོད་དགོས།

གོང་གསལ་ཡིག་ཆ་ཁག་དང་དོ་བདག་སོ་སོའི་འཚང་སྙན་བཅས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། སླད་འབྲེལ་བ་གནང་ཡུལ་གྱི་ཁ་བྱང་དང་། ཁ་པར་ཨང་གྲངས། དེ་བཞིན་གློག་འཕྲིན་ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་ཕྱི་དྲིལ་དྲུང་ཆེའི་མཚན་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། འཚང་སྙན་ཕུལ་འབྱོར་ཟིན་རྗེས་འདེམས་སྒྲུག་གི་ཟླ་ ༣ ནས་ ༦ ནང་འཚུད་བརྡ་ལན་ཡོང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཕྱི་དྲིལ་སྣར་ཐང་པར་ཁང་ནས་ཕྱི་ལོ  ༢༠༡༩ ཟླ་ ༡ ཚེས་ ༢༩ ཉིན། །

Secretary

Department of Information & International  Relations,

Central Tibetan Administration

Gangchen Kyishong

Dharamsala -176215

Distt.Kangra

H.P INDIA

Share with your friends










Submit