ཟླ་བ་ ༡ ཚེས ༡༤ ༢༠༡༩
Published By ngawang thokmey

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་དུ་མཇལ་བཅར་བ་བོད་རིགས་གཞོན་སྐྱེས་ཁག་གཅིག་དང་། གཞན་ཡང་རྒན་རྒོན་སོགས་ལ་ཐོག་མར་མཇལ་ཁ་སྩལ་བ་དང་།  དེ་རྗེས་བོད་མི་དེ་དག་ལ་བླང་དོར་བཀའ་སློབ་སྩལ་བའི་སྙིང་པོར། ས་གནས་གང་དུ་བསྐྱོད་ཀྱང་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་བསམ་བློ་དེ་མ་དོར་བར།  བོད་མི་ཞིག་ཡིན་ཕྱིན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་ཞིག་ཆགས་ཡོད་སྟབས། སེམས་བཟང་པོ་བྱེད་དགོས།  སྔ་མོ་བོད་པའི་གཞིས་ཆགས་ཡོད་སར་རྒྱ་གར་ཡུལ་མི་ཚོ་དང་དེ་བཞིན་ཕྱི་རྒྱལ་བ་ཚོས་ཀྱང་བོད་པ་ཟེར་དུས་དྲང་པོ་དྲང་གཞག སེམས་པ་བཟང་པོ་ཧ་ཅང་ཡག་པོ་འདུག་ཅེས་བརྗོད་ཀྱི་ཡོད། དེ་སེམས་ལ་ཞོག ཅེས་བཀའ་སློབ་སྩལ་བསྟུན་སྐུ་པར་ལྷན་སྒྲོན་མཛད། །

Share with your friends










Submit