ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༢༥ ནས་ཟླ་ ༢ ཚེས་ ༡ བར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་གནང་བའི་གནད་ཡོད་མི་སྣ་མཇལ་འཕྲད་དང་། གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་རྒྱུ། དེ་བཞིན་རང་རིགས་བོད་མི་རྣམས་ཐུག་འཕྲད་གནང་རྗེས་ཕྱི་ཚེས་ ༢ ལྡི་ལིར་ Art 4 Peace ཞེས་པའི་ཚོགས་པ་ནས་བོད་མི་བཙན་བྱོལ་རྣམས་ལ་གཟེངས་བསྟོད་བྱ་དགའ་ཞིག་གནང་རྒྱུའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་མགྲོན་འབོད་ལྟར་ཆེད་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།