ཟླ་བ་ ༡༡ ཚེས ༧ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༧ རེས་གཟའ་ལྷག་པ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞིས་ཆགས་དང་། ས་གནས་འགོ་འཛིན་ཁྱབ་ཁོངས་དོ་བྷི་ས་གནས་སུ་ཆུ་རུད་ཀྱི་གོད་ཆག་ཚབས་ཆེ་བྱུང་བ་དང་། དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་སྔ་དྲོ་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་རླུང་འཚུབ་དྲག་པོ་ (Titli) ཞེས་པ་བྱུང་རྐྱེན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་ཚོའི་སྡོད་ཁང་དང་། སྟོན་ཐོག སྒོ་ཕྱུགས་སོགས་ལ་འབྱུང་བའི་གནོད་སྐྱོན་ཚབས་ཆེན་ཕོག་པ་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་། གོད་ཆག་བྱུང་བ་སླར་གསོ་མགྱོགས་མྱུར་ཡོང་སླད་སྐུལ་འདེབས་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩ་ནས་ནང་སྲིད་དབུས་ངལ་སེལ་ཚོགས་པ་བརྒྱུད་ས་གནས་སོ་སོར་འབྲེལ་མཚོན་ཞལ་འདེབས་ཧིན་སྒོར་ ༥༠,༠༠༠ རེ་གནང་ཡོད་པ་བཅས། །

Share with your friends










Submit