ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།

༄༅། །འཛམ་གླིང་ཤར་ནུབ་སོགས་ཕྱོགས་གང་སར་བཞུགས་པའི་སེམས་ལ་ཕན་པའི་ནང་ཆོས་ལ་དོ་སྣང་ཅན་ཡོངས་ལ་གསལ་བསྒྲགས་མདོར་བསྡུས་ཞུ་དོན་སྙིང་པོ། ཆོས་གྲོགས་ཡོངས་ནས་དགོངས་པ་མངའ་གསལ་བཞིན། འབྲི་གུང་ཆོས་རྗེ་ཨཱ་ཿདབྱངས་རིན་པོ་ཆེ་མཆོག་ནས་ད་བར་ལོ་མང་རིང་འཇའ་ལུས་འཕོ་བའི་གདམས་ཟབ་བཀའ་ཆོས་གནས་མཆོག་རྡོ་རྗེ་གདན་ལ་ལོ་ལྟར་ཚུགས་སྐབས། ཆོས་གྲོགས་མང་པོ་ནས་ཞུ་དོན་འོད་དཔག་ཁྲིད་རིམ་བཅུ་ཅན་དང་། སེམས་ཁྲིད་བཅས་མ་འོངས་དུས་ལ་གནང་ཐུབ་པ་ནན་ཏན་ཞུས་དོན་བཞིན། འདི་ལོ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༥ བར་འོད་དཔག་ཁྲིད་རིམ་བཅུ་པ་དང་། སེམས་ཁྲིད་བཅས་ཉིན་གྲངས་ ༡༢ ནང་གནང་གཏན་ཁེལ་སོང་བས། ཕྱི་ཚེས་ ༢༥ ནས་ ༢༩ བར་སེམས་ཁྲིད་ཞུ་མཁན་གསར་པ་རྣམས་རིན་པོ་ཆེ་མཉམ་མི་རེ་བཞིན་དྲི་བ་དྲི་ལན་གནང་རྒྱུ་དང་། ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ནས་གནམ་ལོ་གསར་ཚེས་ཕྱི་ཟླ་དང་པོའི་ཚེས་ ༣ བར་འོད་དཔག་ཁྲིད་རིམ་བཅུ་པའི་བཀའ་ཁྲིད་གནང་རྒྱུ་དང་། ཕྱི་ཟླ་དང་པོའི་ཚེས་ ༤ དང་ ༥ གཉིས་ལ་སེམས་ཁྲིད་དང་མི་ལའི་ཚོགས་མཆོད་བཅས་ཀྱི་མཛད་རིམ་ལེགས་པར་གྲུབ་པའོ།

༄༅། །གོང་གསལ་བཀའ་ཆོས་ཁག་གཉིས་སྐོར་གསལ་བཤད་མདོར་བསྡུས་ཞུས་ན།

     ༼    འདོ་དཔག་ཁྲིད་རིམ་བཅུ་པའི་ནང་གཤམ་གསལ།   ༽

༡༽    ཞིང་ཁམས་སྒོམ་པ།

༢༽   བསོད་ནམས་ཚོགས་བསགས་སྒོམ་ཁྲིད།

༣༽    མདོ་ལུགས་འོད་དཔག་སྒོམ་ཁྲིད།

༤༽   བྱ་རྒྱུད་ལུགས་ལྟར་འོད་དཔག་སྒོམ་ཁྲིད།

༥༽    སྤྱོད་རྒྱུད་ལུགས་ལྟར་འོད་དཔག་སྒོམ་ཁྲིད།

༦༽    རྣལ་འབྱོར་ལུགས་ལྟར་འོད་དཔག་སྒོམ་ཁྲིད།

༧༽    ཕ་རྒྱུད་ལུགས་ལྟར་འོད་དཔག་སྒོམ་ཁྲིད།

༨༽    མ་རྒྱུད་ལུགས་ལྟར་འོད་དཔག་སྒོམ་ཁྲིད།

༩༽     འོད་དཔག་སྒོ་ནས་ཚེ་སྒྲུབ་ཟབ་ཁྲིད།

༡༠༽    བསྐྱེད་རྫོགས་ཟུང་འཇུག་སྒོ་ནས་རྨི་ལམ་དང་འོད་གསལ་སྒོམ་ཁྲིད་བཅས་བཅུའོ།

༄༅། ། ཆོས་ཞུ་བ་གསར་ཞུགས་རྣམས་ཀྱི་ཆེད་དུ་སེམས་ཁྲིད་སྐོར་གསལ་བཤད་མདོར་བསྡུས་ཞུས་ན།

སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སེམས་ཀྱི་གནས་ལུགས་མ་བཅོས་པའི་ངོ་བོ་སྐྱོང་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ། ཚོགས་བསགས་སྒྲིབ་སྦྱང་མ་བྱས་པ་ལ་སངས་རྒྱས་གོ་འཕང་ཐོབ་རྒྱུ་ཐབས་ལམ་མེད་སྟབས། སེམས་ཀྱི་གནས་ལུགས་མ་བཅོས་པའི་ངོ་བོ་སྐྱོང་བ་ལ་ཐོག་མར་སེམས་ཁྲིད་ཐོབ་དགོས། སངས་རྒྱས་པར་བྱེད་པ་ལས་ས་བོན་ལྟ་བུ་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་རང་གི་སེམས་ལ་ཡེ་གདོད་མ་ནས་ཡོད་བཞིན་པ་དེ་ཉིད་ངོ་སྤྲོད་པ་ལ་སེམས་ཁྲིད་ཅེས་གསུངས་པ་རེད།
འཕགས་ཡུལ་ལྷོ་ཕྱོགས་མའི་སོར་བཀའ་དགོན་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་འཕོ་བའི་བཀའ་ཆོས་གྲ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༢ ལ། །

འབྲེལ་གཏུགས་གནང་ཡུལ།
ཁ་པར། ༠༩༩༣༩༩༩༤༩༩༣

Share with your friends










Submit