ཟླ་བ་ ༡༠ ཚེས ༢༥ ༢༠༡༨

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཨ་རིའི་མཐོ་སློབ་ཁག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༡༩ ལོའི་ Global Leadership Incubator (GLI) སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༥ འགྱངས་མེད་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་འབུལ་དགོས།

https://goo.gl/forms/GkXlVzbXACR93y9v1

 འགེང་ཤོག་ཀ་ཕབ་ལེན།

སློབ་ཡོན་གྱི་ཆ་རྐྱེན་འོས་ཆོས་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།  འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་   ཕྱི་ལོ་ ༢༠༡༨ བར་གཙང་ཕུལ་ཟིན་པ་དགོས། འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་སྐྱབས་བཅོལ་ལག་དེབ་ དུས་འགྱངས་བཀའ་འཁྲོལ་ཡོད་པའང་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་འགེང་ཤོག་ཀ་པའི་ནང་ཁ་གསལ་འགོད་དེ་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས། ༼འགེངས་ཤོག-ཀ་པ་ཞིབ་བཀང་གིས་འབུལ་དགོས།༽

༢།  ཕྱི་ལོ་ ༢༠༡༨ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཅིག་ཡིན་དགོས་ལ་ཡིག་རྒྱུགས་ཀྱི་གྲུབ་འབྲས་ བརྒྱ་ཆ་ ༧༥ དང་དེ་ཡན་ལོན་པ་ཞིག་དགོས། ༼འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས།༽

༣།  འཚང་སྙན་འབུལ་མི་རྣམས་འཛིན་རིམ་བཅུ་པ་བར་བོད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། ཡང་ན་ཤེས་རིག་ ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ལོར་གོ་སྒྲིག་ཞུས་པའི་བོད་ཡིག་ཡིག་རྒྱུགས་ནང་རྒྱུགས་འཕྲོད་པ་ཞིག་དགོས།   ༼འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས།༽

༤།  འཚང་སྙན་འབུལ་སྐབས་ TOEFL ཨང་ཉུང་མཐར་ ༩༠ ལོན་ནའང་འཐུས་ཀྱང་།  རྗེས་སུ་འདེམས་ཐོ་ནང་འཁོད་ཚེ་ TOEFL ཨང་ཉུང་མཐར་ ༡༠༠ ལོན་དགོས། ༼TOEFL ཨང་ཤོག་འབུལ་དགོས།༽

༥།   GLI འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་འགོད་འབུལ་ཞུ་དགོས། ༼GLI འགེང་ཤོག་ཕབ་ལེན།

མཆན།  ཕྱིར་བསྐྱོད་ལག་དེབ་སེར་པོ་ IC ཕྱི་ལོ་ ༢༠༡༩ ཟླ་ ༨ ནང་ཚུད་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས། འདེམས་ཐོ་ནང་འཁོད་པའི་སློབ་ཕྲུག་རྣམས་ GLI ཚོགས་མི་ཞིག་ནས་དྲྭ་ཐོག་བརྒྱུད་ངག་རྒྱུགས་ལེན་རྒྱུ་ཡིན་པ་བཅས། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༥ ལ།།

དྭོགས་འདྲི་ཞུ་ཡུལ།     

བསོད་ནམས་བཟང་མོ།    doe.lobyon@tibet.net

 ཚེ་རིང་ཆོས་འཛོམས།     scholarship@tibet.net

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone no. +9101892.226695, 222572, 222721

Website: www.sherig.org, www.lamton.org

Facebook: www.facebook.com/doe.lobyon/

Share with your friends










Submit