ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར།

༄༅། །འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་སྤྱ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉི་ཟླ་བཞིན་དར་ཁྱབ་འགྲོ་མུས་ཀྱི་སྐབས་འདིར། བོད་ཀྱི་ཟློས་གར་ཚོགས་པའི་གནས་བབ་དང་བསྟུན་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་ཁྱོང་དར་སྤེལ་སྔར་ལྷག་འབྱུང་ཐབས་སུ་སྒྱུ་སྩལ་པ་སློབ་ཕྲུག་བུ་གྲངས་ ༡༢ བུ་མོ་ ༡༢ བཅས་སློབ་ཡོན་ཆག་ཡང་ཐོག་གསར་འཛུགས་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ།

ཀ༽ འཚང་རྒྱུགས་ཆ་རྐྱེན།

༡༽ བོད་ཀྱི་སྒྱུ་སྩལ་རིག་གཞུང་ལ་དོ་དབྱིངས་ཡོད་པ།
༢༽ རང་ལོ་ ༢༠ ལས་མ་རྒལ་བ།
༣༽ གཟུགས་པོ་མཐོ་ཚད། 4.10ft -5.6ft མ་བརྒལ་བ།
༤༽ སྒྲ་གདངས་དང་མི་བབ་གང་ལེགས་ཡོད་པ།
༥༽ ཤེས་ཚད་ཉུང་མཐའ་འཛིན་རིམ་ ༨ ཐོན་པའི་ལག་ཁྱེར་ངོ་བཤུས།
༦༽ དྭང་བླང་དཔྱ་དངུལ་གཙང་ཕུལ་ཟིན་པའི་ངོ་བཤུས།
༧༽ གཟུགས་ཁམས་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
༨༽ སྤྱོད་ལམ་ཐལ་སྐྱོན་མེད་པའི་འབྲེལ་ཡོད་ས་གནས་འགོ་འཛིན་གྱི་ངོས་སྦྱོར།

ཁ༽ ཐུགས་སྣང་།

༡༽    ལོ་བཞི་རིང་རྐང་བྲོ་གླུ་གཞས་དང་། གཏམ་བརྗོད། ལྷ་མོ་སོགས་ཀྱི་སྦྱོང་བརྡར་ཐོན་མཚམས་བྲོ་པ་གཞོན་པར་འདེམས་སྒྲུག་བྱ་རྒྱུ།
༢༽   དགོས་མཁོའི་ཡིག་ཆའི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ་ཟུང་སྦྲེལ་དྲུང་ཆེ་ཡན་གྱི་དག་མཆན་འཁོད་དགོས།
༣༽ ལོ་བཞི་རིང་གི་སྦྱོང་བརྡར་དུས་ཡུན་རིང་ནད་མནར་སྨན་བཅོས་ཁོངས་སོ་སོས་གཏོང་དགོས་རྒྱུ་དང་བོད་ཀྱི་ཟློས་གར་ཚོགས་པའི་སྒྲིག་གཞི་གཞི་བཟུང་དུས་ཡུན་མ་ཟིན་གོང་དགོངས་ཞུས་རིགས་ནས་སློབ་ཡོན་ཆ་ཚང་གཏན་འབེབས་ལྟར་གྱི་ཕྱིར་སློག་དགོས་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་སྩལ་སློབ་ཕྲུག་ཁོངས་འཛུལ་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ནང་ཚུད་སྙན་ཤོག་ཕུལ་འབྱོར་ཟིན་པ་དགོས་རྒྱུའི་གསལ་བསྒྲགས་སུ།

 

Share with your friends










Submit