ཟླ་བ་ ༨ ཚེས ༡༦ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །འདི་གར་ལྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༨།༡༥ ཐོག་ལྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་གནས་དགོན་སྡེ་ཁག་གི་སྐུ་ཚབ་དང་། ས་གནས་བོད་མིའི་སྐུ་ཚབ་བཅས་ནས་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༢ འཁོར་བའི་ཉིན་མོར་འཚམས་འདྲི་དང་སྦྲགས།
ཨུ་ཏར་ཁནཊ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཨུ་ཏར་ཁནཊ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཏྲི་ཝེན་ཌར་སིངྒ་ར་ཝཏ་ Shri Trivendra Singh Rawat  མཆོག་དང་། མངའ་གཞུང་གི་དཔལ་འབྱོར་བློན་ཆེན་སྐུ་ཞབས་པྲ་ཀཤ་པནྟ་ Shri Prakash Pant མཆོག དེ་བཞིན་སྤྱི་ཁྱབ་བློན་ཆེན་མཆོག་གི་སྒེར་དྲུང་རྣམ་པར་མཇལ་བཅར་གྱིས་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་ཆོས་ཀྱི་འཁོར་ལོ་ཆུང་བ་གཅིག་དང་། ཕྱི་དྲིལ་ལས་ཁུངས་ནས་པར་སྐྲུན་གནང་བའི་ “Tibbat Aur Tibbti Lok” དང་ ” INDIA AND TIBET Ancient Ties, Current Bonds” ཞེས་པའི་དཔེ་དེབ་གཉིས་འབུལ་ལམ་ཞུས་ཡོད།
དེ་རྗེས་སྔ་དྲོ་ཚོུད་ ༩ ཐོག་མངའ་སྡེའི་སྲིད་སྐྱོང་ཀྲི་ཤན་ཀནྟ་པོལ་ Shri Krishan Kant Paul མཆོག་གི་བཞུགས་གནས་སུ་མཇར་བཅར་གྱིས་ཆོས་ཀྱི་འཁོར་ལོ་ཆེ་བ་གཅིག་དང་། གོང་འཁོད་དཔེ་དེབ་ཁག་འབུལ་ལམ་ཞུས་ཏེ་རྒྱ་གར་རང་བཙན་ཉིན་མོར་འཚམས་འདྲི་ཞུས་པ་དང་སྦྲགས། བཙན་བྱོལ་བོད་མིའི་དབུས་སའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཐུན་མོང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་བཅས། །

 

Share with your friends










Submit