ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ། 

༄༅། །བོད་ཀྱི་ཟློས་གར་ཚོགས་པར་ཨིན་ཡིག་སློབ་ཁྲིད་དགེ་རྒན་ཚད་ལྡན་ཞིག་དགོས་མཁོ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་སྙན་ཞུ་དང་ཡིག་ཆ་རྣམས་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་མཚན་ཐོག་འབུལ་གནང་ཡོང་བ། 

དགོས་ངེས་ཆ་རྐྱེན། 

༡༽ བོད་མིའི་དྭངས་བླང་དཔྱ་དངུལ་ལག་དེབ་ཀྱི་འབུལ་འབབ་གཙང་ཕུལ་ཟིན་པའི་འདྲ་བཤུས།

༢༽ གནས་ཡུལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་འདྲ་བཤུས། 

༣༽ ཚད་ལྡན་སྨན་ཁང་ནས་འགོ་ནད་རིགས་མེད་པའི་སྨན་པའི་ངོས་སྦྱོར། 

༤༽ ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར། 

༥༽  གོང་གསལ་ཡིག་ཆ་ངོ་བཤུས་རྣམས་ལ་ས་གནས་འགོ་འཛིན་ནམ་ཟུང་དྲུང་ཡན་གྱི་དག་མཆན། 

ཤེས་ཚད་དང་ཉམས་མྱོང་། 

༡༽ དམའ་མཐར་ཨིན་ཡིག་ཤེས་ཚད་རིག་གནས་རབ་འབྱམས་མཐར་སོན་པ། BA (in English Literature)

༢༽ (Diploma in Computer Software) དགེ་རྒན་འོས་སྦྱོང་དང་། ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གོ་སྐབས་འབུལ་རྒྱུ་ཡིན།

གོང་གསལ་ཆ་རྐྱེན་ལྡན་རིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༠ འགྱངས་མེད་ཡིག་ཆ་རྣམས་གཤམ་གསལ་ཁ་བྱང་ཐོག་གཏོང་རྒྱུ།

འདེམས་རྒྱུག་རྗེས་ཀྱི་མཐུན་རྐྱེན། 

༡༽ སྒང་ཕོགས་ཟླ་རེེར་ཧིན་སྒོར། ༡༨༠༠༠།

༢༽ ལས་ཤག་གནས་རིམ་བཞིན་འབུལ་རྒྱུ་དང་ཟླ་དྲུག་ཚོད་ལྟའི་ཆོད་གན་གྱི་ངོ་བོར་བསྐོ་རྒྱུ། 

འབྲེལ་གཏུགས་ཁ་བྱང་། 

Director

Tibetan Institute of Performing Arts

Mcleog Ganj, Dharamshala

Kangra District 176219, HP

Email: [email protected]

Download