ཟླ་བ་ ༨ ཚེས ༢༩ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།

༄༅། །ཨོ་སི་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་ The Charitable Foundation ཞེས་པའི་ངལ་སེལ་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་པེ་ཊར་སན་ Mr. Pedersen ལགས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་སྐྱེས་ལྡན་སོ་ནམ་སྦྱོང་བརྡར་དང་ཉམས་ཞིབ་བསྟི་གནས་ཁང་དུ་སྡོད་ཁང་དང་མགྲོན་ཁང་གཅིག་ལྕོགས་འཛུགས་སྐྲུན་ལས་གཞི་འགྲོ་བཞིན་པར་གཟིགས་ཞིབ་གནང་ཡོད། 

དེ་ཡང་ངལ་སེལ་ཐེབས་རྩ་ཁང་གིས་ད་བར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་སྐྱེས་ལྡན་སོ་ནམ་འདེབས་ལས་དང་། དེ་བཞིན་ས་དང་ཆུའི་སྲུང་སྐྱོབ་ཀྱི་ལས་གཞི་སོགས་ཀྱི་ཆེད་རོགས་དངུལ་ཧིན་སྒོར་ས་ཡ་ ༧༣༠ ལྷག་གནང་ཡོད།

སྐུ་ཞབས་པེ་ཌར་སན་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༤ ཉིན་མགྲོན་ཁང་གསར་རྒྱག་དབུ་འབྱེད་གནང་སྐབས་དགེ་འདུན་པ་དང་ས་གནས་འགོ་འཛིན། ལས་བྱེད་སོགས་ཁྱོན་མི་གྲངས་ ༥༠ ཙམ་ཆེད་ཕེབས་གནང་ཡོད། དེ་རྗེས་སྐུ་ཞབས་པེ་ཌར་སན་ལགས་ས་གནས་ཀྱི་རྒན་གསོ་ཁང་དང་། བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ་ལས་ཁུངས་སོགས་ལ་གཟིགས་སྐོར་དུ་ཕེབས་ཡོད། སྐུ་ཞབས་པེ་ཌར་སན་ལགས་དང་ལྷན་ནང་སྲིད་དྲུང་གཞོན་དོན་གྲུབ་ཚེ་རིང་ལགས་ཕེབས་ཡོད་པ་བཅས། །

Share with your friends










Submit