ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ རེས་གཟའ་པ་སངས།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཨ་རི་དང་ཁེ་ན་ཌ་ས་གནས་བཅས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༨ ནས་ཟླ་ ༨ ཚེས་ ༤ བར་གཞུང་དོན་ཕྱོགས་ཕེབས་སྐབས།
༡༽ ཁེ་ན་ཌར་གནས་བཞུགས་ཁྲིམས་ཟུར་ཨ་མྱེས་ཚང་ཐུབ་བསྟན་བཀྲ་ཤིས་མཆོག་གིས་སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང་བཀའ་དྲིན་ཉག་ཅིག་གི་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་མི་རྒྱ་ཆེ་མང་ཚོགས་ལ་གང་ཅིའི་གཟིགས་སྐྱོང་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་ལ་ཕན་ཆེད་ལོ་རེ་ཧིན་སྒོར་ཁྲི་ལྔ་རེ་དུས་ཚོད་རྒྱས་བཅད་མེད་པའི་ཐོག་ཞལ་འདེབས་གནང་རྒྱུ་གནང་བར་ཁོང་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
༢༽ དེ་བཞིན་ཨ་རི་ནིའུ་ཡོག་ (Woodside) བཅའ་བཞུགས་ཏྲེ་ཧོར་བསོད་ནམས་བཟང་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཁོ་པ་བོད་ནས་རྒྱ་གར་དུ་གསར་དུ་འབྱོར་བ་ནས་བཟུང་གསར་འབྱོར་བ་ཞིག་གི་གནས་བབ་ཐོག་གཟིགས་པ་རྒྱ་ཆེ་གནང་བར་བཀའ་དྲིན་རྗེས་གསབ་དང་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཡིན་ཞེས་ཨ་སྒོར་ ༥༠༠ གནང་བར་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁུངས་ནས་ལེགས་གསོའི་བསྔགས་བརྗོད་དང་འབྲེལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞལ་འདེབས་ རོགས་དངུལ་དེ་མིག་སྨན་མིག་ཕན་གཏོང་འཐུས་ཆོག་པ་ཞུ་རྒྱུ་དང་།
༣༽ ཨ་རི་ནིའུ་ཡོག་གནས་བཞུགས་དོན་གྲུབ་རྡོ་རྗེ་ལགས་ཀྱི་མཛའ་དམར་དང་སྦྱིན་བདག་ (Zamar & Sponsor) ཚོགས་པ་ནས་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་གི་འགྲོ་ལམ་ཡར་རྒྱས་གཏོང་ཆེད་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་རྒྱུའི་འབད་བརྩོན་གང་ཐུབ་ཞུ་རྒྱུའི་ཁས་ལེན་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་བཅས་གསལ་བསྒྲགས་སུ། །

Share with your friends










Submit