ཟླ་བ་ ༨ ཚེས ༢༣ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེེས་གཟའ་ཕུར་བུ།

༄༅། །འདི་གར་སིམ་ལ་སྤྱི་ཁྱབ་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱེད་ཡོལ་ ༥།༠༥ ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་དང་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་ Bharat Ratna ཐོབ་མྱོང་མཁན་སྐུ་ཞབས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་  Atal Bihari Vajpayee མཆོག་དགུང་གྲངས་ ༩༣ ལ་འདས་གྲོངས་སུ་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེེས་གཟའ་ཕུར་བུའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་སིམ་ལ་གྷན་དྷི་ཐང་ཆེན་དུ་དམ་པ་དེ་ཉིད་ལ་མྱ་ངན་གུས་འདུད་མཚོན་སླད་མཛད་སྒོ་ཞིག་གོ་སྒྲིག་གནང་ཡོད། 

སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་ Governor, Acharya Dev Vrat མཆོག་གིས་དབུས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དང་། རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ Jagat Prakash Nadda མཆོག ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Vir Bhadra Singh མཆོག་དང་། སྐུ་ཞབས་   Shanta Kumar མཆོག   སྐུ་ཞབས་ Prof. Prem Kumar Dhumal མཆོག དེ་བཞིན་ཕྱོགས་འགལ་ཚོགས་པའི་ཚཽགས་གཙོ་ Manish Agnihotri མཆོག  རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་   RSS  པའི་སྐུ་ཚབ། ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་གཞན། ཧི་མཱ་ཅལ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན། འབྲེལ་ཡོད་ Councilor རྣམ་པ། ཧི་མཱ་ཅལ་མངའ་སྡེའི་འབྲེལ་ཡོད་ལས་བྱེད་དཔོན་རིགས་རྣམ་པ་དང་། མི་མང་ཁྲི་ཚོ་བརྒལ་བ་རྣམས་ནས་དམ་པ་དེ་ཉིད་ཆེད་སྨོན་ལམ་གསུང་འདོན་དང་དྲན་རྟེན་གུས་འདུད་ཀྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད།

སྐབས་དེར་མགྲོན་འབོད་ལྟར་སིམ་ལ་བོད་མིའི་ཁོངས་ནས་སིམ་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ལགས་དང་། སིམ་ལ་སྤྱི་ཁྱབ། དགོན་སྡེ་ཁག་གཉིས་ནས་དགེ་འདུན་པ་གྲངས་སུམ་ཅུ། དེ་བཞིན་སིམ་ལ་ས་གནས་བུད་མེད་ལྷན་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །

Share with your friends










Submit