ཟླ་བ་ ༧ ཚེས ༣༠ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཟླ་ ༢༨ རེས་གཟའ་སྤེན་པ། 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༨ ཉིན་ཏེ་འཛམ་གླིང་འཕྲོད་བསྟེན་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་དགོན་པ་གྲྭ་ཚང་ཁག་གི་དགེ་འདུན་པ་དང་བཙུན་མ་རྣམ་པར་གཙོ་བོར་དམིགས་ཏེ་མཆིན་ནད་དུག་ཐབས་སྔོན་འགོག་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་སྔ་འགྱུར་རྙིང་མའི་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གཙུག་ལག་ཁང་དུ་འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཐུན་མོང་ནས་འཛམ་གླིང་མཆིན་ནད་དུག་ཐབས་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས།  བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་ལགས་དང་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས་རྣམ་གཉིས་ཀྱིས་དགེ་འདུན་པ་དང་བཙུན་མ་ཚོར་མཆིན་ནད་དུག་ཐབས་ཀྱི་སྔོན་འགོག་དང་བཅོས་ཐབས་སྐོར་གོ་རྟོགས་གཟབ་རྒྱས་སྤེལ་ཡོད་པ་བཅས།།

 

 

Share with your friends










Submit