ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་སློབ་ཐོན་པ་རྣམས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ཁོངས་སྲི་ཞུ་ཞབས་འདེགས་ལ་སྐུལ་སློང་དང་། གཞུང་སྒེར་གཉིས་ལ་ཁྲིམས་ཀྱི་ལས་དོན་ཐོག་ཞབས་འདེགས་ཞུ་མཁན་ཁྲིམས་རྩོད་པ་སྐྱེད་སྲིང་ཆེད། ཉེ་བའི་ཁྲིམས་ལུགས་རབ་འབྱམས་པ་ LLB དང་དེའི་ཡན་གྱི་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཡོད་པ་གྲངས་ ༢༠ དང་། བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ལག་འཁྱེར་སོན་པ་གྲངས་ ༥ སྲི་ཞུ་ལས་བྱེད་ཁོངས་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐོན་པ་གྲངས་ ༥ བཅས་ལ་ཕྱི་ལོ་ ༢༠༡༨།༩།༡༧ ནས་ཚེས་ ༢༧ བར་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པས། ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འདི་གར་འབྲེལ་བ་གནང་དགོས་པ་དང་། སྦྱོང་བརྡར་བ་རྣམས་ལ་ཕར་ཚུར་ཕྱོགས་བསྐྱོད་ལམ་གྲོན་དང་། ཟུར་ཕོགས་ཡོད་ཐོག་སྡོད་གནས་མགྲོན་ཁང་དང་། སྦྱོང་བརྡར་རིང་གི་ཞལ་ལག་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོ་སྒྲིག་གནང་རྒྱུ་ཡིན་ན། སྙན་ཞུ་འབུལ་སྔ་རྟིང་གཞིར་བཟུང་སྦྱོང་བརྡར་བ་འདེམས་སྒྲུག་བྱ་རྒྱུ་ཡིན་པས། ས་མིག་ཁེངས་མཚམས་སྙན་ཞུ་ངོས་ལེན་བྱ་རྒྱུ་མིན་པའི་གསལ་བསྒྲགས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ལ། །

འབྲེལ་མཐུད་ཁ་བྱང་།
General Secretary
Tibetan Supreme Justice Commission (TSJC)
Central Tibetan Administration
Gangchen Kyishong, Dharamsala-176215
Distt. Kangra (H.P)
Tel: 01892-224964/225099
E-mail:[email protected]

Share with your friends










Submit