Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༤ རེས་གཟའ་ལྷག་པ།

 

༄༅། །ཨེ་མཱ་མར་ཊིན་ Dr. Emma Martin ལགས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཨིན་ཡུལ་མེན་ཆེ་སི་ཊར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མེན་ཆེ་སི་ཊར་མཐོ་སློབ་སྒྱུ་རྩལ་སྡེ་ཚན་གྱི་ཁྱབ་ཁོངས་རིག་གཞུང་བསྟི་གནས་ཁང་དུ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༩ ནས་ ༣༠ བར་ཉིན་གྲངས་གཉིས་རིང་བཙན་བྱོལ་ནང་གི་བོད་མིའི་འགྲེམས་སྟོན་ཡར་རྒྱས་ལས་གཞི་དང་འབྲེལ་བའི་བོད་ཀྱི་འགྲེམས་སྟོན་གྱི་དགོས་པ་དམིགས་ཡུལ་དང་གདོང་ལེན། གོ་སྐབས། The New Tibet Museum: Needs, Challenges and Opportunities ཞེས་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

 

བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གཙོ་བོ་བོད་ཀྱི་འགྲེམས་སྟོན་དེ་བཞིན་བོད་དོན་སྐོར་འཛམ་གླིང་མི་མང་ལ་ངོ་སྤྲོད་བྱེད་རྒྱུའི་བརྒྱུད་ལམ་ལྟ་བུ་ཡིན་ཞིང་། བོད་ཀྱི་འགྲེམས་སྟོན་གསར་པའི་ལས་འཆར་དང་དེའི་གལ་གནད་རང་བཞིན། དེ་བཞིན་བོད་ཀྱི་འགྲེམས་སྟོན་བརྒྱུད་བོད་ཀྱི་ལོ་རྒྱུས་ཀྱི་པར་རིས་འགྲེམས་སྟོན། བོད་མི་ས་ཡ་དྲུག་གི་ལོ་རྒྱུས་ཀྱི་བྱུང་བ་དང་གཞིས་བྱེས་བོད་མི་རྣམས་ཀྱི་དཀའ་ངལ་དང་གདོང་ལེན་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཛམ་གླིང་ནང་ཁུང་ཙི་བསྟི་གནས་ཁང་དང་། དེ་བཞིན་རྒྱ་ནག་དང་བོད་དུ་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་སོགས་བརྒྱུད་རྒྱ་སྒོར་ས་ཡ་མང་པོ་འགྲོ་སོང་བཏང་སྟེ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་སྐོར་སོགས་ཀྱང་ངོ་སྤྲོད་གནང་ཡོད།

 

ཐེངས་འདིའི་འགྲེམས་སྟོན་རིག་པའི་བགྲོ་གླེང་ཐོག་མཉམ་ཞུགས་བྱེད་མཁན་རྣམས་ནི། མེན་ཆེ་སི་ཊར་མཐོ་སློབ་ཁང་དང་ལི་ཝར་པོ་ལི་འགྲེམས་སྟོན་ཁང་གི་ཨེ་མཱ་མར་ཊིན་ Dr. Emma Martin ལགས་དང་། ཌེན་མཀ་རྒྱལ་ཡོངས་འགྲེམས་ཁང་གི་མི་རིམ་ Miriam Koktvedgaard Zeitzen ལགས། ཨོཀ་སི་ཧྥོར་ཌ་མཐོ་སློབ་ཁང་University of Oxford གི་ཐུབ་བསྟན་སྐལ་བཟང་ལགས། ལོན་ཌོན་མཐོ་སློབ་ཀྱི་དབྱངས་སྒྲོན་ལགས་སོགས་འགྲེམས་སྟོན་རིག་པའི་ཐོག་ཆེད་མཁས་མི་སྣ་དང་བོད་རིག་པ་བ་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །

Share with your friends










Submit