ཟླ་བ་ ༧ ཚེས ༡༣ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས ༡༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེམ་སི་ AIIMS སྨན་ཁང་གྲགས་ཅན་གྱི་ཆེད་ལས་སྨན་པ་གྲངས་དགུ་དང་མཇལ་འཕྲད་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཐོག་བཀའ་ཤག་གི་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས། ཨེམ་སི་སྨན་ཁང་གི་སྨན་པ་བཅས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམ་པར་ཕེབས་བསུ་དང་སྦྲགས་བོད་དོན་དང་བོད་བརྒྱུད་ནང་བསྟན་སྐོར་ངོ་སྤྲོད་གནང་སོང་།

སྤྱིར་སྨན་པ་དེ་དག་ནི་བསོད་ནམས་དབང་རྒྱལ་ལགས་ཀྱིས་ཆེད་འཛུགས་གནང་བའི་ནད་སྐྱོབ་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་ཟླ་བ་འདིའི་ཕྱི་ཚེས་ ༡༤ ནས་ ༡༦ བར་ཉིན་གྲངས་གསུམ་རིང་སྔ་དྲོ་ཆུ་ཚོད་ ༡༠ ནས་ཕྱི་དྲོ་ཆུ་ཚོད་ ༤ བར་རིན་མེད་བརྟག་དཔྱད་སླད་ཁོང་རྣམ་པ་གདན་ཞུ་གནང་བ་ཞིག་ཡིན་འདུག་པ་བཅས། །

Share with your friends










Submit