ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ རེས་གཟའ་ལྷག་པ།

༄༅།། མཚུངས་མེད་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།

                                                                ཆེད་ཞུ། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་སྤྱི་ཚོགས་དྲ་ལམ་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་ནང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ལས་ཤོག་དང་ལས་དམ། དྲུང་ཆེའི་མཚན་རྟགས་བཅས་འཁོད་པའི་ཨ་རི་ནིའུ་ཡོག་དང་ནིའུ་འཇར་སིའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་གང་མགྱོགས་འཕོ་འགྱུར་གཏོང་དགོས་པའི་འབོད་སྐུལ་གསལ་བསྒྲགས་རྫུན་མ་ཞིག་ཁྱབ་སྤེལ་བྱེད་བཞིན་འདུག་པ་དེ་ནི་བོད་རིགས་ནང་ཁུལ་འགལ་ཟླ་བཟོ་རྒྱུའི་ཆེད་ཅོལ་ཆུང་འགས་རྫུན་བཟོ་བྱས་པ་ཞིག་ཡིན་པས། རྒྱ་ཆེའི་མང་ཚོགས་ནས་དཀྲོག་གཏམ་དེ་རིགས་ལ་ཡིད་གཟབ་དང་བླང་དོར་འཛོལ་མེད་གནང་དགོས་པའི་སྐུལ་འདེབས་ནན་པོ་ཞུ་རྒྱུ་ཡིན། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༨ ལ།།

Download

Share with your friends










Submit