ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་སྨད་རྒྱུད་གྲྭ་ཚང་གི་ཁྱབ་ཁོངས་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་སྦྲེལ་ཐོག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་ལྔ་པ་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡ ནས་འགོ་འཛུགས་གནང་རྒྱུ་དང་། འདི་ལོའི་ཉིན་རེ་སློབ་ཚན་དང་དུས་ཚོས་རེའུ་མིག་སོགས་གཏན་འཁེལ་བྱུང་ཟིན་ནའང་། ད་ལྟའི་འཆར་སློབ་མའི་ས་མིག་སྟོང་པ་ལྷག་ཡོད་ན་མཐོ་སློབ་ཐོན་པའམ་ཐོན་ལ་ཉེ་བའི་བོད་རིགས་སློབ་མ་རྣམས་ལས་རིམ་དེའི་ཁོངས་སུ་འཛུལ་བཞུགས་བྱ་འདོད་ཡོད་ཚེ་དགོས་ངེས་ཡིག་ཆ་ཁག་གློག་འཕྲིན་ཁ་བྱང་ ([email protected]) བརྒྱུད་ཕུལ་ཆོག་པའི་གསལ་བསྒྲགས་སུ།
དགོས་ངེས་ཡིག་ཆ་ཁག
ཀ༽ དོ་བདག་གི་མཚན་རྟགས་འཁོད་པའི་འགེངས་ཤོག་སྙན་ཞུ།

ཁ༽ མཐོ་སློབ་ཀྱི་ལག་འཁྱེར་ཡང་ན་ཨང་ཤོག་གི་ངོ་བཤུས།

ག༽ དང་བླང་དཔྱ་དངུལ་གཙང་ཕུལ་ཞུས་པའི་ངོ་བཤུས།

གོང་འཁོད་དགོས་ངེས་ཡིག་ཆ་ ༼ཁ༽ དང་ ༼ག༽ གཉིས་ཀྱི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན་མཐོ་སློབ་ཀྱི་སློབ་སྤྱི་སུ་རུང་ནས་དག་མཆན་ལས་དམ་འཁོད་དགོས་པ་བཅས།  ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༥

འགེངས་ཤོག་ཕབ་ལེན་སླད་འདིར་གནོན།

Share with your friends










Submit