ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ ཉིན་དེ་སྔའི་དྲུང་ཆེ་སྐུ་ཞབས་ཨ་ ནིལ་སྭ་རུབ་ Shri Anil Swarup མཆོག་རྒས་ཡོལ་དུ་ཕེབས་པའི་ཚབ་ཏུ ་ལྕམ་རི་ན་རེ་ Ms Reena Ray མཆོག་དྲུང་ཆེར་བསྐོ་གཞག་གནང་བར་ ཤེས་རིག་བཀའ་བློན་མཆོག་གིས་ འཚམས་འདྲི་དང་སྦྲགས་བོད་པའི་སྲོ ལ་རྒྱུན་རྟེན་འབྲེལ་གྱི་མཇལ་དར་ ཞིག་དང་སྟོན་པ་སྐུ་འདྲ་ཞིག་འབུ ལ་ཡོད།

བཀའ་བློན་མཆོག་གིས་ཕྱི་ཚེས་ ༢༧ ཉིན་དེ་སྔའི་དྲུང་ཆེ་སྐུ་ཞབས་་ ཨ་ནིལ་སྭ་རུབ་ Shri Anil Swarup མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ ཟད། དབུས་བོད་སློབ་འཛིན་ཚོགས་ཀྱི་ཚོ གས་གཙོ་སྐུ་ཞབས་སན་ཇེ་ཀུ་མར་ Shri Sanjay Kumar མཆོག་དང་མཇལ་འཕྲད་ཀྱིས་ལྷག་བསྡ ད་སློབ་གྲྭ་ཁག་དྲུག་དེ་དག་གང་ མགྱོགས་རྩིས་གནང་ཡོང་སྐོར་དང་། རྩིས་གནང་ཟིན་པའི་སློབ་གྲྭ་ཁག་ འཛིན་སྐྱོང་ཚགས་ཚུད་ཡོང་སླད་མ་ དངུལ་མང་ཙམ་མཐུན་འགྱུར་བཀའ་ཁྲོ ལ་ཡོང་བའི་འབོད་སྐུལ་ཞུས་པར་དངུ ལ་རྩིས་ལྷན་ཚོགས་དང་ལྷན་དུ་གྲོ ས་བསྡུར་གནང་རྒྱུའི་ཁས་ལེན་གནང་ འདུག
