ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༨ རེས་གཟའ་པ་སངས།

 

༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་དཔལ་ལྡན་བཀའ་ཤག་གི་དགོངས་གཞི་ལྟར་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་དང། འབྱུང་འགྱུར་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་བརྗོད་གཞི་ཐོག་ཕྱི་ལོ་༢༠༡༨ ཟླ་༩ ཚེས་ ༡༣ ནས་ ༡༦ བར་ཉིན་གསུམ་རིང་བཞུགས་སྒར་དྷ་རམ་ས་ལར་ཚོགས་འདུ་རྒྱས་པ་ཞིག་འཚོགས་རྒྱུ་ཐུགས་གཏན་འཁེལ་ཡོད། ཚོགས་འདུ་དེ་བཞིན་དོན་སྙིང་ལྡན་པ་ཡོང་ཆེད་མཁས་དབང་དང་། ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། བོད་ཀྱི་གྲོགས་པོ་སོགས་དོན་གཉེར་ཅན་གྱི་མི་སྣ་གལ་ཆེ་ཁག་གཅིག་མཉམ་ཞུགས་དང་འབྲེལ་དོན་ཕན་ལྡན་པའི་ཆ་ཤས་བཞེས་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དེའང་ཚོགས་འདུའི་སྡིངས་ཆ་དེ་བསྐྲུན་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་འགོ་ཁྲིད་དང་སྤྱི་ཚོགས་ཀྱི་གདོང་ལེན་བྱེད་དགོས་པའི་གནད་དོན་བཞི་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྲུང་སྐྱོབས་དང་། དེ་བཞིན་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་། ཤེས་ཡོན། འཕྲོད་བསྟེན་བཅས་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་འཆར་གཞི་གསར་པ་དང་ནུས་པ་མཉམ་སྤུངས་ཀྱིས་ཐབས་ལམ་འཚོལ་རྒྱུ་དེ་ཡིན།

 ང་ཚོས་ས་མིག་ ༢༥ སྟོང་པ་བཞག་ཡོད་པ་དེ་ནི་གོང་གསལ་གནད་དོན་ཁག་ལ་དོ་དབྱིངས་ཅན་དང་དོན་དམ་དགོངས་འཆར་གནང་ཐུབ་མཁན་བོད་མིའི་གྲོགས་པོ་དང་བོད་མིའི་ཆེད་དུ་ཡིན། ལྷག་པར་བོད་མི་གཞོན་སྐྱེས་ཁྱད་ལས་པ་མཉམ་ཞུགས་གནང་རྒྱུར་བསྐུལ་མ་བྱེད་ཀྱི་ཡོད།

 ཀ༽  དོ་དབྱིངས་ཅན་ཚོས་གློག་འཕྲིན་ཁ་བྱང་  [email protected]  འདིའི་ཐོག་རང་ཉིད་ཀྱི་ལོ་རྒྱུས་འབུལ་དགོས།

 ཁ༽  ཚོགས་འདུ་འདིར་མཉམ་ཞུགས་དགོས་པའི་རྒྱུ་མཚན་དང་རང་ཉིད་ཀྱི་དོན་ཕན་ལྡན་པའི་བསམ་འཆར་ཇི་ལྟར་གནང་ཐུབ་མིན་ཚིག་འབྲུ་ ༡༥༠ ལས་མི་བརྒལ་བ་རྩོམ་བྲིས་གནང་དགོས།

 ག༽  མཐའ་མའི་དུས་ཚོད་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༣༠ ནང་ཚུན།

Share with your friends










Submit