ཟླ་བ་ ༥ ཚེས ༢༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༥ ཚེས་ ༢༤ རེས་གཟའ་ཕུར་བུ།

༄༅། །ཨ་རིའི་བྱང་ནུབ་མངའ་སྡེ་པོཊ་ལེནྜ་Portlandདང་ཝེན་ཁུ་བར་Vancouverདུ་རྟེན་གཞི་བྱས་པའི་བོད་མི་རྣམས་ཀྱིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དེ་ཡང་འགྲེམས་སྟོན་གསར་རྒྱག་ལས་གཞིར་དམིགས་ནས་ཐེངས་འདིར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་བསྟན་འཛིན་རབ་བྱམས་ལགས་གཉིས་ཀྱིས་ཁེ་ན་ཌ་དང་བྱང་ཨ་རིའི་ས་ཁུལ་ཁག་གཅིག་ནང་ཞལ་འདེབས་འདུ་རུབ་ཀྱི་ལས་གཞིའི་ཆེད།  བོད་དོན་པར་རིས་སྐོར་སྐྱོད་འགྲེམས་སྟོན་ལས་གཞི་སྤེལ་བཞིན་པར་བོད་མི་ཕོ་མོ་རྒན་གཞོན་སྐྱ་སེར་དབྱེ་བ་མེད་པས་ཞལ་འདེབས་གནང་རྒྱུས་མཚོན་དངུས་ཤུགས་བརྒྱུད་གསུམ་ནས་ལྷག་བསམ་ཟོལ་མེད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག

དེ་ཡང་པོཊ་ལེནྜ་ས་གནས་སུ་ཡོད་པའི་བྱང་ནུབ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས།  North West Tibetan Cultural Association (NWTCA ) མཛད་སྒོ་ཞིག་བསྐོང་ཚོགས་གནང་སྟེ།  འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བཞུགས་སྒར་གངས་ཅན་སྐྱིད་གཤོང་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་མ་ཟད།གསར་རྒྱག་ལས་གཞི་དང་འབྲེལ་བའི་བརྙན་ཐུང་ཞིག་དང་།  “Out of this world- A Journey into Forbidden Tibet” ཞེས་པའི་དོངས་བྱུང་གློག་བརྙན་ཞིག་ཀྱང་བསྟན་འདུག

དེ་ཡང་པོཊ་ལེནྜ་ས་གནས་བོད་རིག་ཚོས་ཞལ་འདེབས་ཨ་སྒོར་ ༡༥༠༠༠ གནང་བ་མ་ཟད།  བྱང་ནུབ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས།  ཞལ་འདེབས་གནང་ཡོད། དེར་བརྟེན་

འདི་ལོའི་ལོ་མཇུག་སུ་འགྲེམས་སྟོན་གསར་རྒྱག་ལས་གཞི་ཡོངས་སུ་གྲུབ་མཚམས་རྨང་རྡོའི་ཐོག་ཞལ་འདེབས་གནང་མཁན་སྤྱི་སྒེར་གཏོང་འཕོད་ཅན་རྣམས་ཀྱི་མཚན་འཁོད་ཞུ་རྒྱུ་ཡིན་འདུག  ཕྱི་ཚེས་ ༢༦ རེས་གཟའ་སྤེན་པའི་ཆུ་ཚོད་ ༡།༣༠ ཐོག་གྲོང་ཁྱེར་ California ནང་པར་རིས་འགྲེམས་སྟོན་དང་དཔལ་འབྱོར་འདུ་འགོད་ལས་གཞི་མུ་མཐུད་སྤེལ་རྒྱུ་ཡིན་འདུག་བཅས།

Share with your friends










Submit