གསར་ལས་ཁང་གི་གསར་འགོད་པས།

༢༠༡༧ ཟླ་ ༡༡ ཚེས་ ༢༠ རེས་གཟའ་ཟླ་བ།

༄༅། །ལམ་ཙམ་མཁྱེན་ཆུབ་བཞིན་ ༡༩༥༩ ལོར་བོད་སར་དུས་འགྱུར་མི་ཟད་པ་བྱུང་བའི་དབང་གིས་བོད་མི་ཁྲི་ཚོགས་མང་པོའི་ྋརྒྱལ་བ་དོན་གྱི་བདག་པོ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རྗེས་སུ་འབྲངས་ཏེ་རྒྱ་གར་དུ་བཙན་བྱོལ་ལ་སླེབས་ཡོད་པ་བཞིན་༡༩༦༠ རེ་གྲངས་ནང་རྡེ་ར་རྡུན་ཁུལ་དུའང་བོད་མི་མང་དག་ཅིག་བཙན་བྱོལ་དུ་འབྱོར་ཡོད་ཀྱང་དེ་དག་ཁྲོད་ནས་བོད་མི་གང་འཚམ་ཞིག་གཞིས་ཁུངས་སུ་མ་ཕྱིན་པར་ཁ་འཐོར་ངང་འཚོ་བ་རང་སྐྱོང་ཐོག་ཁང་པ་གླས་ཏེ་གནས་སྡོད་བྱས་ཡོད། ༡༩༨༠ གྱ་གྲངས་ཙམ་ནང་ཁ་འཐོར་དུ་གནས་སྡོད་བྱེད་མཁན་དེ་དག་ཁྲོད་ནས་དུད་ཚང་ ༢༧༠ ཙམ་ནས་སྡོད་ཁང་གི་མཐུན་རྐྱེན་སྦྱོར་སྤྲོད་ཡོང་བའི་སྙན་ཞུ་རིམ་འབྱོར་བྱུང་ཡོད།

དེ་ནའང་ད་ལྟའི་ཆར་གོང་གསལ་དུད་ཚང་ཁོངས་ནས་ད་དུང་ཡང་སྡོད་ཁང་མེད་པའི་དཀའ་ངལ་མུ་མཐུད་ཞུ་གཏུགས་བྱེད་མཁན་གྱི་དུད་ཚང་གྲངས་ ༡༡༦ བྱུང་ཡོད་པས། དུད་ཚང་དེ་དག་གི་དཀའ་ངལ་སེལ་ཆེད་དུ་འདས་པའི་ལོ་མང་སྔོན་ནས་བོད་མིའི་སྒྲིག་འཛུགས་ནས་འབད་བརྩོན་རིམ་མཐུད་བྱས་ཡོད་མོད་ཐོག་ད་ལྟའི་བཀའ་ཤག་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་དཔལ་འབྱོར་ངལ་བ་མ་འཛེམས་པར་དུད་ཚང་དེ་དག་གི་དཀའ་ངལ་སེལ་ཆེད་དུ་སྡོད་ཁང་གསར་རྒྱག་ཞུ་རྒྱུར་ཐུགས་གཏན་འཁེལ་ཡོད་པས་དེར་བརྟེན་དེའི་ཆེད་དུ་

༡། ད་ལྟའི་དུད་ཚང་ ༡༡༦ གི་སྒུག་ཐོ་ཡོད་ཁོངས་ནས་དངོས་སུ་དུད་ཚང་ག་ཚོད་ཡོད་མེད་ཀྱི་མིང་ཐོ་དགོས་རྒྱུ།

༢། དངོས་སུ་ཡོད་ཁོངས་ནས་སྡོད་ཁང་ཞུ་ལེན་ཆོག་པའི་ཆ་རྐྱེན་ལྡན་མིན་དབྱེ་ཞིབ་བྱ་རྒྱུ།

༣། སྡོད་ཁང་ཞུ་ལེན་ཆོག་པར་མཐའ་མའི་འདེམས་སྒྲུག་ཟིན་རྗེས་འདེམས་ཐོན་པ་དོ་བདག་སོ་སོ་ནས་རང་འབབ་ beneficiary contribution བརྒྱ་ཆ་ ༣༠ ནས་ ༤༠ བར་བསྡུ་བཞེས་བྱ་རྒྱུའི་སྐོར་ལ་གོ་བསྡུར་ཚོགས་འདུ་ཞིག་རིང་མིན་ཕྱི་ཟླ་ ༡༡ པའི་ཟླ་མཇུག་གམ། ཕྱི་ཟླ་ ༡༢ པའི་བདུན་ཕྲག་དང་པོའི་ནང་སྐོང་འཚོགས་བྱ་རྒྱུ་ཡིན་པས་དུས་ཐུང་ནང་ཚོགས་འདུར་འབོད་སྐོང་ནམ་བྱུང་ལ་ལས་དོན་ཆེ་བཞག་ཆུང་བསྐྱུར་གྱིས་དུས་ཐོག་ངེས་འཛོམས་དགོས་རྒྱུ་ལས་ཚོགས་བཅར་མ་ཞུས་ཚེ་སྡོད་ཁང་དགོས་གལ་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན།

འདིར་གསལ་འདེབས་ཞིག་ཞུ་རྒྱུར་ད་ལྟའི་སྒུག་ཐོའི་ནང་ཡོད་པའི་དུད་ཚང་ ༡༡༦ ནང་ནས་དངོས་རྭ་འཕྲོད་པ་དུད་ཚད་ ༡༠༣ ལས་བྱུང་མི་འདུག་པས་དེ་འཕྲོས་ཀྱི་གཤམ་གྱི་རེའུ་མིག་ནང་གསལ་བའི་དུད་ཚང་ ༡༣ རྣམས་གར་ཡོད་རྩད་ཆོད་ཐུབ་མིན་འདུག་པས།  གཤམ་གསལ་གྱི་དོ་བདག་རྣམས་ནས་རང་དོན་རང་གཅེས་ཀྱི་སྒོ་ནས་བདེ་སྐྱིད་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་ཐོ་འགོད་བྱ་ཐུབ་པ་དགོས་རྒྱུ་ལས་དེ་མིན་ཐོ་གཞུང་ནས་རང་བཞིན་དུ་འབུད་པར་ངོས་འཛིན་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།

ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ཉིན།།

ཨང༌། མཚན།
༡། ཚེ་རིང་དོན་གྲུབ།
༢། ཚེ་རིང་མཚོ་མོ།
༣། བྱམས་པ།
༤། པ་སངས་ཆོས་སྐྱིད།
༥། ནོར་བུ།
༦། ཚེ་རིང་དབྱངས་སྐྱིད།
༧། ཚེ་རིང་སྒྲོལ་དཀར།
༨། ཚེ་བརྟན་སྒྲོལ་མ།
༩། བཟང་མོ།
༡༠། བསམ་གྲུབ་སྒྲོལ་མ།
༡༡། སྒྲོལ་དཀར།
༡༢། བདེ་སྐྱིད་མཚོ་མོ།
༡༣། བསོད་ནམས་དར་རྒྱལ།

Share with your friends










Submit