༢༠༡༧ ཟླ་ ༧ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྭ་དགས་བ་ཀུ་ལ་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་སྤྱི་དང་ས་གནས་ཁྲིམས་ཞིབ་པ། ས་གནས་གྲོས་ཚོགས་དང་རང་བཙན་ཚོགས་ཆུང་གིས་ཚོགས་མི། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་འབུམ་རམས་པ་སྐུ་ཞབས་བསོད་ནམས་ཟླ་བ་ལགས། ལ་དྭགས་བྱང་ཐང་ཁུལ་གྱི་བོད་མིའི་གཞིས་གྲོང་ཁག་གི་འབྲེལ་མཐུད་པ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ཕེབས་པའི་དགའ་སྟོན་མཛད་སྒོའི་ཐོག་ང་རང་ལ་དྭགས་དད་ལྡན་མང་ཚོགས་རྣམས་དང་ལྷན་མཉམ་ཞུགས་གནང་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཅེས་གསུངས།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སྤང་གོང་མཚོ་རུ་སྔ་དྲོ་ཕེབས་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་སྐུལ་ཆེད་བསང་གསོལ་གཏོང་རྒྱུ་ཡིན་འདུག་པ་མ་ཟད། དེའི་སྐོར་གསུང་དོན། ངས་བོད་ཀྱི་ཕྱོགས་སུ་ཁ་ཕྱོགས་ནས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཕོ་མོ་རྣམས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་མགྱོགས་ནས་མྱུར་དུ་རང་ཡུལ་བོད་ནང་དུ་༸ཞབས་སོར་བདེ་བར་འཁོད་ཐུབ་ཆེད་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུངས།
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྭགས་ཁུལ་དུ་གཞུང་འབྲེལ་ལས་དོན་ཁག་གཅིག་ལེགས་གྲུབ་རྗེས་ཕྱི་ཚེས་ ༩ ཉིན་ལ་དྭགས་ནས་ལྡི་ལིར་ཕེབས་འབྱོ