༢༠༡༦ ཟླ་ ༥ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཀ་ཅིན་ས་ཁུལ་ནས་ཡིན་པའི་གལ་ཆེའི་མི་སྣ་ཁག་གཅིག་བཅས་མི་གྲངས་ ༡༢ འདི་ཟླའི་ཚེས་ ༧ ནས་ ༡༢ བར་རྡ་སར་ཐེངས་དང་པོར་གཟིགས་བསྐོར་དུ་ཕེབས་ཡོད་ཅིང་། ཁོང་རྣམས་ནི་རྡ་སར་ཡོད་པའི་ International Tibet Network ཚོགས་པ་ནས་འབྲེལ་ལམ་གདན་ཞུས་ལྟར་ཕེབས་པ་ཞིག་ཡིན། རྡ་སར་བཞུགས་ཤག་རིང་བོད་ཀྱི་རིག་གཞུང་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། བོད་ནང་ཛ་དྲག་གི་གནས་སྟངས་བཅས་མཁྱེན་རྟོགས་རྒྱུས་ལོན་གནང་རྒྱུ་དང་། ཁོང་རྣམ་པས་སྦར་མའི་གནས་སྟངས་དང་རིག་གཞུང་སྐོར་ངོ་སྤྲོད་གནང་རྒྱུའི་དམིགས་ཡུལ་ཟིན་འདུག་པ་ལྟར་གནང་བཞིན་འདུག་པ་ལྟར་ཕན་ཚུན་གང་ཅིའི་གནས་ཚུལ་བརྗེ་རེ་གནང་དང་གནང་བཞིན་ཡོད། འདི་ཟླའི་ཚེས་ ༩ ཉིན་སྔ་དྲོ་ཚོུད་ ༩།༣༠ ནས་ ༡༡།༠༠ བར་ཁོང་རྣམ་པས་བོད་མི་མང་སྤྱི་ལྷན་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཇལ་འཕྲད་ཀྱིས་གོང་གསལ་བོད་དོན་གནས་སྟངས་སྐོར་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱི་འགྲོ་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད། །