ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྲེལ་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསུམ་ལ་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་ཕུལ་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས་ནི།
༡༽ ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཚེ་དབང་དངོས་གྲུབ་ལགས་ནི། ཕྱི་ལོ་ ༡༩༨༩ ཟླ་ ༢ ཚེས་ ༡༨ ནས་གནས་དགུ་པ་ཚོད་ལྟའི་ཐོག་ཨོ་རི་ས་བཟོ་གྲྭའི་རྩིས་པར་བསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༠ ནས་ལས་འཁུར་རང་འཇགས་ཐོག་གནས་དགུ་པ་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར་དང་། ཕྱི་ལོ་ ༡༩༩༣ ཟླ་ ༤ ཚེས་ ༣ ནས་གནས་རང་འཇགས་ཐོག་བྷན་རྡ་ར་མཉམ་འབྲེལ་རྩིས་པ། ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༧ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༡༧ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་དང་ལས་འགན་རང་འཇགས་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡ ནས་གནས་རང་འཇགས་ཐོག་རྡ་ས་བདེ་དོན་ལས་ཁུངས་ཀྱི་ལས་དྲུང༌། ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༨ ནས་དྲུང་གཞོན་ལས་རོགས་གནས་རིམ་དུ་གནས་སྤར་གྱི་འདེམས་ལྷན་གྱི་དྲུང་ལས་སུ་བསྐོ་གཞག ཕྱི་ལོ་ ༢༠༠༠ ཟླ་ ༧ ཚེས་ ༢༤ ནས་གནས་རང་འཇགས་ཐོག་ལྡི་ལི་དོན་ཁང་གི་དྲུང་ལས་སུ་གནས་སྤོས།
ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༨ ནས་ཟུང་འབྲེལ་དྲུང་ཆེའི་གནས་རིམ་དུ་གནས་སྤར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༥ ནས་ཤེས་རིག་ལས་ཁུངས་རང་འཇགས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༠༧ ནས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ ནས་ཟླ་གྲངས་ ༤ དང་ཉིན་གྲངས་ ༢༢ རིང་ཕོགས་མེད་དགོངས་ཞུ། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ནས་ལྡི་ལི་བོད་སློབ་འཛིན་ཚོགས་འཛིན་སྐྱོང་རྩིས་ལེན་གྱི་ལས་གཞིའི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣ ནས་དྲུང་ཆེ་ལས་འཕར་གནས་རིམ་དུ་གནས་སྤར་གྱིས་ཁྱོན་ཞབས་ལོ་ ༢༥ རིང་གཞུང་མང་གི་ཞབས་འདེགས་ཞུས་འདུག
༢༽ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་དོས་ཕྱུག་ཚང་ཡེ་ཤེས་ཆོས་སྒྲོན་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༧ ཚེས་ ༡ ནས་གནས་དགུ་པ་ལས་ངོའི་ཐོག་བྷན་རྡ་ར་མཉམ་འབྲེལ་རྩིས་པར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གི་གནས་རིམ་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༢༥ ནས་གནས་རང་འཇགས་ཐོག་ཕྱི་དྲིལ་རྩིས་པར་བསྐོ་གཞག ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༤ ནས་གནས་རང་འཇགས་ཐོག་ཆོས་རིག་ལས་ཁུངས་ཀྱི་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༣ ནས་ལས་ཁུངས་དོ་དམ་པར་གནས་སྤར། ཕྱི་ལོ་ ༡༩༩༤ ཟླ་ ༡༡ ཚེས་ ༡ ནས་ལས་དོའི་གནས་རིམ་ཐོག་ལས་འགན་རང་འཇགས་སུ་བསྐོ་གཞག་གནང་།
ཕྱི་ལོ་ ༡༩༩༩ ཟླ་ ༢ ཚེས་ ༢༣ ནས་སྡེ་ཚན་འགན་འཛིན་དུ་གནས་སྤར་གྱི་ཆོས་རིག་སྡེ་འགན་རང་འཇགས་སུ་ལས་འགན་བཀོད་སྒྲིག ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༣ ནས་དྲུང་ལས་སུ་གནས་སྤར་གྱིས་ནང་སྲིད་དྲུང་ལས་ཀྱི་ལས་འགན་དུ་བསྐོ་གཞག ཕྱི་ལོ་ ༢༠༠༤ ཟླ་ ༡༢ ཚེས་ ༡༣ ནས་སྣེ་ལེན་འབྲེལ་མཐུད་ཁང་གི་དྲུང་ལས་སུ་གནས་སྤོས་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༢ ནས་དྲུང་གཞོན་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས།
ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༤ ནས་ཚོགས་དྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་ཀྱིས་ལས་ཞབས་ཞུ་མུས་སུ་ཁྱོན་ཞབས་ལོ་ ༢༥ ལྷག་གཞུང་མང་གི་ཞབས་འདེགས་ཞུས་འདུག
༣༽ དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་དགྲ་འདུལ་ལགས་ནི། ཕྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༡ ནས་གནས་དགུ་པ་ཚོད་ལྟའི་ཐོག་ཤར་ཁུམ་བདེ་གླིང་རྩིས་པར་བསྐོ་གཞག་གནང་བ་དང༌། ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༣ ནས་ལས་འཁུར་རང་འཇགས་ཐོག་གནས་དགུ་པ་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ལས་དྲུང་གི་གནས་རིམ་དུ་བསྐོ་གཞག ཕྱི་ལོ་༡༩༩༣ ཟླ་ ༣ ཚེས་ ༡༦ ནས་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བཟོ་གཞིས་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༢ ནས་ལས་ཁུངས་དོ་དམ་པར་གནས་སྤར།
ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༣ ནས་རྩིས་རྐྱང་འདེམས་རྒྱུགས་ཀྱི་སྡེ་ཚན་འགན་འཛིན་གནས་རིམ་ཐོག་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བཟོ་གྲྭའི་རྩིས་པར་ཟླ་དྲུག་ཚོད་བལྟར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༨ ནས་གཞུང་ཞབས་ལས་ངོར་བསྐོ་གཞག ཕྱི་ལོ་ ༡༩༩༧ ཟླ་ ༦ ཚེས་ ༡༦ ནས་བལ་ཡུལ་དོན་ཁང་གི་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༡༢ ནས་ཧོན་སུར་གཞིས་ཆགས་མཉམ་དྲུང་དུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་ ༤ ཚེས་ ༢ ནས་ཌེ་དྲུན་བདེ་སྐྱིད་གླིང་གཞིས་ལས་ཁང་གི་རྩིས་པར་གནས་སྤོས།
ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༡ ནས་ཌེ་དྲུན་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དུ་བསྐོ་གཞག ཕྱི་ལོ་༢༠༠༧ ཟླ་ ༥ ཚེས་ ༢༤ ནས་དྲུང་གཞོན་ལས་རོགས་སུ་གནས་སྤར་ཐོག་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ལས་ཚབ་ཏུ་གནས་སྤོས། ཕྱི་ལོ་༢༠༡༢ ཟླ་ ༡༠ ཚེས་ ༡༥ ནས་ཧ་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ནས་དཔལ་འབྱོར་ལས་ཁུངས་སུ་དྲུང་གཞོན་དུ་ལས་འགན་བཀོད་སྒྲིག་གི་ལས་འཁུར་ཞུ་མུས་སུ་ཁྱོན་ཞབས་ལོ་ ༢༥ ལྷག་གཞུང་མང་གི་ཞབས་འདེགས་ཞུས་འདུག