ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨ་རིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༩ དང་ ༡༠ ཉིན་བྱང་ཨ་རིའི་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་བརྟན་བཞུགས་དང་གསུང་ཆོས་ལ་མཉམ་ཞུགས་གནང་རྒྱུ།
ཕྱི་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དམིགས་བསལ་སྐུ་མགྲོན་ཁག་དང་ལྷན་ཉིན་གུང་གསོལ་ཚིགས་སུ་ལྷན་ཞུགས། ཕྱི་ཚེས་ ༡༢ ནས་ ༡༣ བར་ནིའུ་ཡོག་ཏུ་གཞུང་འབྲེལ་ལས་དོན་དང། ཕྱི་ཚེས་ ༡༤ ཉིན་སི་ཡ་ཊལ་བོད་རིགས་སྤྱི་མཐུན་ཚོགས་པའི་མགྲོན་འབོད་ལྟར་དེ་གའི་ཚོགས་པའི་ཚོགས་མི་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ།
ཕྱི་ཚེས་ ༡༥ ཉིན་པོ་ཌི་ལནཌི་བོད་རིགས་སྤྱི་མཐུན་ཚོགས་པའི་མགྲོན་འབོད་ལྟར་དེ་གའི་ཚོགས་པའི་ཚོགས་མི་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༦ ནས་ ༡༨ བར་བྱང་ཁེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༩༌༌༌༢༠ ཉིན་ Los Angeles དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་རྒྱུ། ཕྱི་ཚེས་ ༢༡ ནས་ ༢༦ བར་ཝ་ཤིང་ཊོན་དུ་གཞུང་འབྲེལ་ལས་དོན་ཆེད་ཕེབས་གནང་རྒྱུ། ཕྱི་ཚེས་ ༢༧ ཉིན་ཨ་རི་ནས་ཕེབས་ཐོན་གྱིས་ལྡི་ལིར་ཕྱི་ཚེས་ ༢༨ ཉིན་ཕེབས་འབྱོར་གནང་རྒྱུ། ཕྱི་ཚེས་ ༢༩ ཉིན་ལྡི་ལི་ནས་ཕེབས་ཐོན་གནང་སྟེ་ཚེས་ ༣༠ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས།།