༢༠༡༥ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༥ ཉིན་སྡེ་ར་སྡུན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་སྨིན་གྲོལ་གླིང་དགོན་པར་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་། འཕགས་བོད་འབྲེལ་ལམ་བཅས་ཀྱི་བརྗོད་གཞིའི་ཐོག་པར་རིགས་འགྲེམས་སྟོན་གནང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་གློག་བརྙན་ཡང་བསྟན་ཡོད་འདུག
དེ་ཡང་འགྲེམས་སྟོན་འདི་བཞིན་རྫོང་དཔོན་རཱ་ཝི་ནཱཐ་ར་མན་ Sh. Ravinath Raman མཆོག་དང་མཁོ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་འདུག
གཞན་ཡང་སྐབས་དེར་ཕྱི་དྲིལ་ལས་ཁུངས་ནས་དཔར་འགྲེམས་ཞུས་པའི་དཔེ་དེབ་ཁག་འགྲེམས་སྤེལ་ཞུས་ཡོད།།