༢༠༡༥ ཟླ་ ༤ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གཙོ་བོར་གྱུར་བའི་རྒྱ་གར་བྱང་ཕྱོགས་བྷི་ཧར་དང་ཡུ་པི། དེ་བཞིན་འབྲུག་དང་བོད་བཅས་ཀྱི་ས་གནས་ཁག་གི་ནང་ས་ཡོམ་ཤུགས་ཆེ་བྱུང་ནས་བོད་ནང་གི་རང་རིགས་བོད་མི་ ༢༥ རྐྱེན་འདས་དང་བོད་མི་ ༡༡༧ ལྷག་ལ་རྨས་སྐྱོན་ཕོག་ཡོད་དང་། སྐྱིད་གྲོང་དང་གཉའ་ལམ། དིང་རི། འགྲམ། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ། མངའ་རིས། སྤུ་ཧྲེང་བཅས་ས་ཆ་མང་པོར་ཤུགས་རྐྱེན་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག སྡོད་ཁང་བརྒྱ་ཆ་ ༨༠ ཙམ་ལ་གནོད་སྐྱོན་ཐེབས་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ པར། བལ་ཡུལ་ས་ཡོམ་སྐབས་འདས་གྲོངས་སུ་ཕྱིན་པའི་བོད་ནང་གི་བོད་མིའི་གྲངས་འབོར་ ༢༥ ལ་བསླེབས་ཤིང་། རྨས་མ་ ༡༡༧ བྱུང་འདུག་ལ། རྫོང་ཁག་གསུམ་ནང་བརྒྱ་ཆ་བརྒྱད་བཅུ་ཙམ་གྱི་ཁང་པ་ཡོངས་སུ་བརྡིབས་པ་མ་ཟད། སྐྱིད་གྲོང་རྫོང་གི་གནས་རྙིང་ཆོས་སྡེའི་འདུ་ཁང་གི་རྩེག་གསུམ་པ་ཞིག་རལ་དུ་གྱུར་ཡོད་པ་དང་། ད་དུང་བྲག་དཀར་རྟ་སོ་དགོན་དང་འཕགས་པ་དགོན། སྨོན་མཁར་ལྷ་ཁང་སོགས་ཀྱི་གྱང་ལ་གས་སྲུབས་བྱུང་བ་སོགས་ཁྱོན་དགོན་སྡེ་ ༥༤ ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་འདུག
བོད་ནང་ས་ཡོམ་གྱི་གོད་ཆག་ཕོག་པའི་གནས་ཚུལ།
གསར་གནས།
འབྲེལ་གནས།